དབུ་ཤོག>ཆེད་སྒྲིག
  • ས་མཐོའི་གསོ་རིག་སློབ་གསོ་དང་ཚན་ཞིབ་ཁྱབ་ཁོངས་ལ་ནུས་པ་འདོན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-14

    p38_s.jpg

    འདི་ནི་པ་སངས་སྒྲོལ་མ་སྨན་དང་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་ཚོགས་ཆུང་གི་གྲོས་བསྡུར་ལ་ཞུགས་ནས་གྲོས་འགོ་འདོན་བཞིན་པ།

    པ་སངས་སྒྲོལ་མས་ས་མཐོའི་གསོ་རིག་སློབ་གསོ་དང་ཚན་ཞིབ་ལས་ལ་གཞོལ་ནས་ལོ་བཅུ་ལྷག་ཙམ་སོང་ཞིང་། ད་ཆ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་བོད་ལྗོངས་སློབ་ཆེན་ས་མཐོའི་བདེ་ཐང་ཚན་ཞིབ་ལྟེ་གནས་ཀྱི་འགན་འཁུར་བ་གནང་བཞིན་ཡོད།

    བོད་ལྗོངས་སློབ་ཆེན་ས་མཐོའི་བདེ་ཐང་ཚན་ཞིབ་ལྟེ་གནས་2006ལོར་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་གཙོ་གནད་ཚོད་ལྟ་ཁང་ཁག་དང་པོར་གཏན་འཁེལ་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སློབ་ཆེན་ས་མཐོའི་བདེ་ཐང་ཚན་ཞིབ་ལྟེ་གནས་ཀྱིས་ལེགས་ཆ་འབུར་དུ་ཐོན་པ་བྱས་ཏེ། མཚོ་བོད་ས་མཐོའི་དམིགས་བསལ་གྱི་ས་གཤིས་དང་། ཚོགས་སྤྱི། ཐོན་ཁུངས་བཅས་ཀྱི་ལེགས་ཆ་སྤྱད་ནས་ས་མཐོའི་གསོ་རླུང་ཉུང་འཕྲོད་ལམ་སྲོལ་ཞིབ་འཇུག་དང་། ས་མཐོའི་ནད་གཞི་འགོག་བཅོས། ས་མཐོའི་སྨན་རྫས་ཞིབ་འཇུག་དང་འཕེལ་རྒྱས། ས་མཐོའི་ལུས་རྩལ། ས་མཐོའི་འཕྲོད་བསྟེན་སྲིད་ཇུས་དང་འཕྲོད་བསྟེན་ཞབས་ཞུའི་ཞིབ་འཇུག་སོཌ་ཐད་ཚད་བརྒལ་དང་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱས་པ་རེད།

    པ་སངས་སྒྲོལ་མས་ཞིབ་འཇུག་ལྟེ་གནས་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ཆེ་བཅས་བར་གྱི་འཕེལ་རྒྱས་བརྒྱུད་རིམ་གྱི་དཔང་པོ་གནང་བ་སྟེ། ཐོག་མར་མི་5ལས་མེད་པ་ནས་ད་ཆ་མི་30ལྷག་ཙམ་ཡོད་པའི་ཚན་ཞིབ་ཚོགས་པ་ཞིག་ཏུ་གྱུར་ཡོད། ལས་སྟེགས་ཀྱང་ཐོག་མར་ཆ་ཚང་པོ་དང་འཐུས་སྒོ་ཚང་པོ་མེད་པ་ནས་མིག་སྔར་གཞི་ཁྱོན་རགས་ཙམ་ཆཌ་པ་དང་འབྲེལ་ལས་སྟེགས་དེར་བརྟེན་ནས་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་བོད་སྨན་དེང་རབས་ཅན་ཞིབ་འཇུག་གསར་སྤེལ་གསར་གཏོད་ལྟེ་གནས་དང་བོད་ལྗོངས་སློབ་ཆེན་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ས་མཐོའི་བདེ་ཐང་དང་ལུས་རྩལ་ཞིབ་འཇུག་མཐུན་སྦྱོར་གསར་གཏོད་ལྟེ་གནས་སྔ་རྗེས་སུ་བཙུགས་པ་རེད།

    ད་ལོ་ཁོང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གསར་པར་བདམས་པ་ཤེས་སྐབས། པ་སངས་སྒྲོལ་མར་སེམས་འགུལ་ཆེན་པོ་ཐེབས་ལ་འགན་འཁྲི་ལྕི་པོ་ཡིན་པའང་ཚོར་ཡོད། དུས་ཡུན་རིང་པོར་ས་མཐོའི་གསོ་རིག་སློབ་གསོ་དང་ཚན་ཞིབ་ཀྱི་ལས་ཀ་བྱེད་མཁན་ཞིག་གི་ངོས་ནས། ཚོགས་འདུ་གཉིས་ལ་ཞུགས་ཐེངས་དང་པོ་ཡིན་པའི་ཁོང་གི་དོ་ཁུར་བྱ་ཡུལ་ནི་སྔར་བཞིན་ལོ་དེ་དག་ནང་རང་ཉིད་ཀྱིས་ཆེད་ལས་ཁྱབ་ཁོངས་སུ་གནང་བའི་ཕྱོགས་མང་གི་བསམ་གཞིག་རྨང་གཞིར་བྱས་ཤིང་། དེའི་ནང་གི་ཕྱོགས་གཅིག་ནི་ས་མཐོའི་གསོ་རིག་གི་ཚད་གཞི་འཕྲལ་དུ་བཟོ་རྒྱུར་འབོད་སྐུལ་བྱས་པ་དེ་རེད། ཁོང་གིས་ས་མཐོའི་གསོ་རིག་གི་ཚད་གཞི་བཟོ་སྐབས་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་ནས་གྲངས་གཞི་ཆེན་པོ་བཟོ་བ་དང་གྲངས་གཞི་ཆེན་པོར་བརྟེན་ནས་ས་མཐོའི་ཚད་གཞི་བཟོ་དགོས་པའི་ངོས་འཛིན་གནང་གི་ཡོད། ཁོང་གིས། “ད་ཆ་བོད་ཀྱི་སྨན་དོན་པས་ནད་པར་སྨན་བཅོས་བྱེད་སྐབས་ཕལ་ཆེ་བ་ཉམས་མྱོང་ལ་བརྟེན་གྱི་ཡོད། ས་མཐོའི་གསོ་རིག་གི་ཚད་གཞི་བཟོས་ནས་དེ་དག་ཚན་རིག་ཅན་དང་ཚད་གཞི་ཅན་དུ་འགྱུར་བར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད”ཅེས་འགྲེལ་བཤད་བསྐྱོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།