དབུ་ཤོག>ཆེད་སྒྲིག
  • ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-14

    p43_s.jpg

    འདི་ནི་ཟླ་ལྷོ་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་བཞིན་པ།

    ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་པ་རིགས་ཀྱི་མང་ཚོགས་འདུས་སྡོད་ཁུལ་འབའ་ཞིག་དེ་རེད་ལ། གསར་དུ་བསྐོ་གཞག་བྱས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷོ་ཁ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་རིམ་པ་གཉིས་པའི་རོལ་དབྱངས་འཁྲབ་སྟོན་པ་ཟླ་ལྷོའི་ཕ་ཡུལ་ཡང་རེད།

    ལས་ཀའི་དགོས་མཁོས་རྐྱེན་པས་ཟླ་ལྷོ་རྒྱུན་དུ་མཐའ་མཚམས་ཀྱི་རྫོང་དང་ཤང་དུ་དམངས་གཞས་འཚོལ་བསྡུ་བྱེད་པར་སྐྱོད་དགོས་ཀྱི་ཡོད། ཁོང་གིས་ལོ་དེ་དག་རིང་བོད་ཀྱི་མཐའ་མཚམས་དང་གྲོང་གསེབ་ཏུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་བདེན་དཔང་བྱེད་ཐུབ།

    དེ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། ལོ་དེ་དག་ནང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་རྨང་གཞིའི་སྒྲིག་བཀོད་ཇེ་ལེཌ་སུ་ཕྱིན་པ་དང་། འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རིམ་བཞིན་རྒྱ་ཆེར་ཕྱིན་ཡོད་ལ། མང་ཚོཌ་ཀྱི་བསམ་པའི་རིག་གནས་འཚོ་བ་ཡང་ཉིན་བཞིན་ཕུན་སུམ་ཇེ་ཚོཌ་སུ་སོང་ཡོད།

    གྲུབ་འབྲས་གླེང་ཞོར་དུ་གསར་དུ་བསྐོ་གཞག་བྱས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཟླ་ལྷོས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་འཁུར་བ་དང་ཐབས་ཇུས་འདོན་པའི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཤིང་། ཁོང་གིས། སླད་ཕྱིན་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་སྲིད་ཇུས་ཁག་གཅིག་མི་འབོར་ཅུང་ཉུང་བའི་མི་རིགས་རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཕྱོགས་རྒྱུའི་རེ་བ་ཡོད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་། ལེགས་སྒྲིག སྲུང་སྐྱོང་། འཕེལ་རྒྱས་བཅས་བཏང་སྟེ། སྤུས་ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རྒྱལ་སྤྱི་རྒྱལ་ནང་དང་སྦྲེལ་མཐུད་བྱས་ཏེ། མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཕན་ཚུན་མཉམ་འདྲེས་ཐུབ་པ་དང་། རིག་གནས་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དེ་བས་མང་བ་སོར་ཉར་ཐུབ་ཐབས་བྱེད་ཀྱི་ཡིན་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།