དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཆི་བདེའི“གདན་ཞུའི་ཡི་གེ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-14

    p41_s.jpg

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཆི་བདེས(གཡོན་གྱི་དང་པོ)ཚོགས་འདུའི་རིང་འཐུས་མིའི་གཏམ་བཤད་ལ་ནན་ཏན་ཉན་བཞིན་པ།

    “ངའི་ཕ་ཡུལ་རི་བོ་སྔོ་ལ་ཆུ་མོ་དྭངས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པས། གྲོགས་པོ་ལྷན་རྒྱས་ནག་ཆུ་སྦྲ་ཆེན་གྱི་མཛེས་ལྗོངས་ལ་གཟིགས་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཁྱད་ཆོས་མངོན་གསལ་དོད་པའི་སྲོལ་རྒྱུན་གྱི་དམངས་སྲོལ་དང་། ལྷག་བསམ་ཟོལ་མེད་ཀྱི་གུས་ལུགས། སྤྲོ་སེམས་རབ་ཏུ་འཁོལ་པོས་ཁྱེད་རྣམས་ལ་ཕེབས་བསུ་ཞུ་རྒྱུ་ཡིན”ཞེས་ཕ་ཡུལ་ནས་ཐོན་ཏེ་རྒྱལ་ས་པེ་ཅིང་དུ་སྐྱོད་པའི་ལམ་བར་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཆི་བདེས་འཐུས་མི་རྣམས་གདན་ཞུ་བྱས།

    “ངའི་ཕ་ཡུལ་ས་བབ་མཐོ་ཡང་ཧ་ཅང་མཛེས་པོ་ཡོད། ལྷག་པར་དུ་ལོ་དེ་དག་ནང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པས། ཚང་མ་གཟིགས་པར་ཕེབས་པའི་རེ་བ་ཆེན་པོ་བྱེད་བཞིན་ཡོད”ཅེས་འཆི་བདེས་བརྗོད། ཁོང་གི་ཕ་ཡུལ་བོད་བྱང་ཐང་དུ་ཡིན་པ་དང་། ཆུང་དུས་ཁོང་གི་སྤོ་ལགས་དང་རྨོ་ལགས་ཀྱིས་ཁོང་ལ་རྒན་རབས་ཀྱིས་བརྒྱུད་མྱོང་བའི་དཀའ་སྡུག་ཡང་ཡང་གླེང་བ་སྟེ། སྔོན་མ་བཟའ་རྒྱུ་དང་གྱོན་རྒྱུ་དཀོན་ལ། རྩམ་པ་ཡང་འདང་ངེས་མེད་ལ་མི་མང་ཆེ་བའི་ཚེ་ཚད་ཐུང་ཐུང་ཡིན་པ་རེད།

    “ང་ཚོའི་ད་ཆའི་འཚོ་བ་རྒན་རབས་པ་ཚོ་དང་བསྡུར་ཚེ་འགྱུར་ལྡོག་ཧ་ཅང་ཆེན་པོ་རེད། ཁྱིམ་ཚང་ཚང་མའི་འཚོ་བ་ཡག་པོ་ཡོད”ཅེས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས་འཆི་བདེས་དེ་ལྟར་ལྷུག་པོར་གླེང་ཞིང་། ཁོང་གིས“ད་ཆ་རྩམ་པ་དང་མར་འདང་ངེས་ཡོད་པ་མ་ཟད། སྔོ་ཚལ་དང་ཤིང་འབྲས་སོས་པོ་དང་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད། གྱོན་གོས་དང་ལྷམ་དང་ཞྭ་མོ་སོགས་ཀྱི་ཚོས་གཞི་དང་བཟོ་ལྟ་ཡང་མང་པོ་འདེམས་རྒྱུ་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཡུལ་མི་ཚང་མ་སྡོད་ཁང་ཆེན་པོའི་ནང་སྡོད་རྒྱུ་བྱུང་ལ། དྭངས་གཙང་བདེ་ཐང་གི་ཀ་ལའི་ཆུའང་འཐུང་རྒྱུ་བྱུང་བས། སྔོན་མ་བཞིན་འཁྱགས་པ་གཏོར་ནས་ཆུ་ལེན་དགོས་ཀྱི་མེད། ན་ཚེ་ཤང་དང་རྫོང་ནས་སྨན་བཅོས་ཐུབ་ཀྱི་ཡོད། ཁོད་སྙོམས་པའི་སྣུམ་ནག་ལམ་སྒོ་རྩ་བར་བཏིང་བར་བརྟེན་ཁྱིམ་ཚང་མང་པོས་འཇིབ་ཆུང་རླངས་འཁོར་ཉོས་པས་དོན་དག་གཅོད་པར་རྟ་བཞོན་དགོས་ཀྱི་མེད། རྒན་འཁོགས་དང་ཕྲུ་གུས་ཀྱང་བརྙན་འཕྲིན་དང་ལག་ཐོགས་ཁ་པར་བརྒྱུད་ཕྱི་རོལ་གྱི་འཇིག་རྟེན་ཤེས་རྟོགས་ཐུབ་ཀྱི་ཡོད། ལོ་15ཡི་གཞུང་གྲོན་སློབ་གསོ་དང‘འགན་ལེན་གསུམ’གྱི་སྲིད་ཇུས་ལས་གྲོང་ཚོའི་ཕྲུ་གུ་ཚོ་སྦྲ་ཆེན་དང་། ནག་ཆུ། བོད་བཅས་ནས་ཐོན་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་དང་སྐྱོད་བཞིན་ཡོད”ཅེས་གསུངས།

    དྲིན་ལན་འཇལ་ཆེད། ཕོ་རོང་ཐང་གྲོང་ཚོས་སྐྱེ་ཁམས་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཁང་པའི་རྒྱབ་མདུན་དུ་ཤིང་འཛུགས་རྩྭ་འདེབས་བྱས་པ་མ་ཟད། གངས་ལྷ་མེ་ཏོག་དང་། དབྱར་རྩྭ་དགུན་འབུ། ས་མཐོའི་ཁྱད་ལྡན་བཟའ་བཅའི་ཤ་རིགས་སོགས་དམིགས་བསལ་ཐོན་ཁུངས་གང་ལེགས་སྤྱད་དེ། ས་མཐོའི་ཁྱད་ལྡན་རིག་གནས་དང་གསར་བརྗེའི་ཡུལ་སྐོར་རྒྱུན་འཛིན་གསར་གཏོད་ས་ཁོངས་ཀྱི་ཡུལ་སྐོར་ལམ་ཐིག་གཏོད་པའི་གོ་སྐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཆི་བདེའི“གདན་ཞུའི་ཡི་གེ”

    དྲིན་ལན་འཇལ་ཆེད། ཕོ་རོང་ཐང་གྲོང་ཚོས་སྐྱེ་ཁམས་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཁང་པའི་རྒྱབ་མདུན་དུ་ཤིང་འཛུགས་རྩྭ་འདེབས་བྱས་པ་མ་ཟད། གངས་ལྷ་མེ་ཏོག་དང་། དབྱར་རྩྭ་དགུན་འབུ། ས་མཐོའི་ཁྱད་ལྡན་བཟའ་བཅའི་ཤ་རིགས་སོགས་དམིགས་བསལ་ཐོན་ཁུངས་གང་ལེགས་སྤྱད་དེ། ས་མཐོའི་ཁྱད་ལྡན་རིག་གནས་དང་གསར་བརྗེའི་ཡུལ་སྐོར་རྒྱུན་འཛིན་གསར་གཏོད་ས་ཁོངས་ཀྱི་ཡུལ་སྐོར་ལམ་ཐིག་གཏོད་པའི་གོ་སྐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།