དབུ་ཤོག>ཆེད་སྒྲིག
  • གྲངས་གཞི་ཁག་བཅུ་ནས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-12

    སྒོར་དུང་ཕྱུར་ཁྲི་121 དཔལ་འབྱོར་གྱི་སྤྱི་འབོར་སྐས་རིམ་གསར་པར་སླེབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཞིག་ཕུལ་བ།

    དཔལ་འབྱོར་གྱི་རྨང་གཞི། བརྟན་པ།

    ལོ་10ཡི་རིང་ཀྲུང་གོའི་དཔལ་འབྱོར་ལོ་རེར་ཆ་སྙོམས་བྱས་ན་6%ཡན་འཕར་བ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་ཁྲི་53.9ནས་སྒོར་དུང་ཕྱུར་ཁྲི་121བར་འཕར་ཏེ་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་པ། རང་རྒྱལ་གྱི་མི་རེའི་ཆ་སྙོམས་GDPདེ་ཨ་སྒོར་6300ནས་ཨ་སྒོར་12741བར་འཕར་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ཡོད།

    འཕེལ་རྒྱས་ཀྱི་སྤུས་ཚད། འཕར་བ།

    ལོ་10ཡི་རིང་རང་རྒྱལ་འདི་ཉིད་བཟོ་སྐྲུན་གྱི་རྒྱལ་ཁབ་ཆེན་པོ་ནས་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་མགྱོགས་མྱུར་གྱུར་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་ཆེ་གྲས་དང་པོའི་གནས་བབ་བརྟན་པོ་ཟིན་པ། ལྗང་མདོག་དེ་ཉིད་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ཤོས་ཀྱི་མ་ཚོན་དུ་གྱུར་པ། འཛད་སྤྱོད་དེ་ཉིད་དཔལ་འབྱོར་ལ་ཡར་སྐུལ་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་ཆེ་ཤོས་སུ་གྱུར་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་མཐོ་རུ་བརྟན་པོ་སོང་བ། འབྲུ་རིགས་ཀྱི་བདེ་འཇགས་དང་། ནུས་རྒྱུའི་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་འགན་ལེན་ནུས་ལྡན་བྱུང་བ། “གསར་པ་གསུམ”གྱི་དཔལ་འབྱོར་འཕར་ཐང་དེས་GDPནང་བཟུང་བའི་བསྡུར་ཚད་17%ལས་བརྒལ་བ། ཀྲུང་གོའི་སྒོ་མོ་འབྱེད་རྒྱ་ཇེ་ཆེ་ནས་ཇེ་ཆེར་ཕྱིན་པ་སོགས་རེད།

    ཁྲི་9899 དབུལ་པོ་དབུལ་ནག་གཅིག་ཀྱང་མ་ལུས་པར་བྱས་ནས་ཐུན་མོང་ཕྱུག་འགྱུར་གྱི་རྒྱང་ལམ་གསར་པར་བསྐྱོད་པ།

    ཁྲི་9899 ཆ་སྙོམས་བྱས་ན་ལོ་རེར་མི་འབོར་དབུལ་པོ་ཁྲི་1000ལྷག་ཙམ་ཉུང་དུ་བཏང་བ་དེ་རྒྱལ་ཁབ་འབྲིང་གྲས་ཀྱི་མི་འབོར་དང་མཚུངས། དེ་ནི་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་ཞིག་རེད། ལོ་10ཡི་རིང་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཤིང་། དབུལ་པོ་དང་དབུལ་པོ་དབུལ་ནག་རེ་རེ་བཞིན་དབུལ་སྒྲོལ་བྱས་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་སྟེ། ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་ཁྲི་12.8ཚང་མ་དབུལ་པོའི་གྲལ་ལས་ཐར་ཡོད།

    དུང་ཕྱུར་4ལས་བརྒལ་བ། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་བརྟན་པོ་འཕར་ནས་ཁྲོམ་རའི་མི་མངོན་པའི་ནུས་ཤུགས་རྒྱུན་ཆད་མེད་པར་ཐོན་པ།

    2022ལོར་རིམས་ནད་ཀྱི་ཕོག་ཐུག་ཚབས་ཆེན་འོག ཀྲུང་གོའི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྔར་བཞིན་སྒོར་དུང་ཕྱུར་ཁྲི་44ཟིན་ནས་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་དང་དྲ་རྒྱའི་སིལ་ཚོང་ཁྲོམ་ར་ཆེ་གྲས་དང་པོར་བརྟན་པོར་གནས་པ་དང་། ལོ་14བསྟུད་མར་གོ་ལ་ཧྲིལ་པོའི་ནང་འདྲེན་ཁྲོམ་ར་ཆེ་གྲས་གཉིས་པར་གྱུར་ཡོད། འབྱུང་འགྱུར་ལོ་15ཡི་ནང་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་སྔོན་དཔག་བྱས་ན་དུང་ཕྱུར་8ལྷག་ཙམ་ཟིན་རྒྱུ་ཡིན་པ་དང་གཞི་རྒྱ་ཤིན་ཏུ་ཆེ་བའི་ཁྲོམ་ར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད།

    སྒོར་དུང་ཕྱུར་ཁྲི་3 ཚན་ཞིབ་ཀྱི་གྲོན་དངུལ་ལ་བརྟེན་ནས་མཐོ་གསར་བཏོད་པ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པའི་ཕན་འབྲས་མངོན་གསལ་དོད་པ།

    སྒོར་དུང་ཕྱུར་ཁྲི་3 ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

    རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་དེ་2012ལོའི་སྒོར་དུང་ཕྱུར་ཁྲི་1ནས་2022ལོའི་སྒོར་དུང་ཕྱུར་ཁྲི་3.09བར་མང་དུ་བཏང་ཞིང་། ཞིབ་འཇུག་གསར་སྤེལ་གྱི་་གཏོང་ཆ་གཏོང་ཤུགས་དེ་1.91%ནས་2.55%བར་འཕར་བ་དང་། རྨང་གཞིའི་ཞིབ་འཇུག་ལ་བཏང་བའི་གཏོང་ཆ་དེས་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་ནང་བཟུང་བའི་བསྡུར་གྲངས་4.8%ནས་6.3%བར་འཕར་བ། ཞིབ་འཇུག་གསར་སྤེལ་མི་སྣའི་བསྡོམས་འབོར་གྱིས་འཛམ་གླིང་གི་ཨང་དང་པོའི་གནས་བབ་བརྟན་པོ་ཟིན་ཡོད།

    རྒྱལ་ཁབ་151 “རྒྱུད་གཅིག་ལམ་གཅིག”གི་གྲོགས་ཚོགས་ཇེ་ཆེར་ཕྱིན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་བཏང་བ།

    རྒྱལ་ཁབ་151

    2023ལོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། ལོ་10ཡི་རིང་ཀྲུང་གོས་རྒྱལ་ཁབ་151དང་རྒྱལ་སྤྱིའི་རྩ་འཛུགས་32དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ་200ལྷག་ཙམ་ལ་མིང་རྟགས་བཀོད་ཡོད། 2013ལོ་ནས་2022ལོ་བར་རང་རྒྱལ་དང་ལམ་རྒྱུད་རྒྱལ་ཁབ་དབར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་8.6%འཕར་ནས། ཕྱོགས་གཉིས་པོའི་མ་འཇོག་སྐས་རིམ་གསར་པར་སླེབས་ཡོད།

    ལོ་10ཡི་རིང་ཀྲུང་གོས་གྱོན་ཆས་ཉོ་ཚོང་འདུ་ཚོགས་དང་། ནང་འདྲེན་དངོས་མང་སྟོན་ཚོགས། འཛད་སྤྱོད་དངོས་མང་སྟོན་ཚོགས་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་ཚོགས་འདུ་གཟབ་རྒྱས་རབ་དང་རིམ་པ་གཉེར་ཏེ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་21དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ཡོད། ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན(RCEP)གྱི་ནུས་པ་ཐོན་པ་ནས་བཟུང་། ཀྲུང་གོས་RCEPཚོང་དོན་རོགས་ཟླ་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་དང་དངུལ་རྩ་མིན་པའི་རིགས་ཀྱིས་ཐད་ཀར་མ་འཇོག་བྱས་པའི་དངུལ་འབོར་གཉིས་ཀ་ལོ་གོང་མ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། 2022ལོར་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གཞི་ཁྱོན་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་ལོ་6བསྟུད་མར་འཛམ་གླིང་གི་དངོས་ཟོག་ཚོང་དོན་རྒྱལ་ཁབ་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་པ་སོགས་རེད།

    སྤྱི་ལེ་ཁྲི་600 དེང་རབས་འགྲིམ་འགྲུལ་དྲ་བ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་ནས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་པ།

    2022ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་ལམ་ཐག་བསྡོམས་སྤྱི་ལེ་ཁྲི་600བརྒལ་བ་དེ་ནི་ལོ་བཅུའི་གོང་གི་ལྡབ་1ལྷག་ཙམ་རེད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་མྱུར་བགྲོད་ལྕགས་ལམ་གྱི་དྲ་བ་ཆེ་ཤོས་དང་། གོ་ལ་ཧྲིལ་པོའི་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་ཆེ་ཤོས། འཛམ་གླིང་རིམ་པའི་གྲུ་ཁའི་ཚོགས་བཅས་བསྐྲུན་ནས་མཁའ་འགྲུལ་དང་མཚོ་འགྲུལ་གོ་ལ་ཧྲིལ་པོར་ཤར་གཏོང་ཐུབ་ཡོད།

    2022ལོའི་ལོ་མཇུག་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་5Gསྦྲེལ་ཚུགས་ཁྲི་231བསྐྲུན་ཞིང་། “5Gརྫོང་ཀུན་ཁྱབ”དང་། “དྲ་ཆེན་གྲོང་ཚོ་ཀུན་ཁྱབ”བྱུང་སྟེ། གོ་ལ་ཧྲིལ་པོར་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་སྔོན་ཐོན་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་གྲུབ་ནས་ཀྲའོ་སྟོང་གི་སྦྲེལ་མཐུད་བྱེད་ནུས་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར་ཁྱབ་ཡོད།

    ཁྲི་1300 ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་པ།

    དུས་རབས་གསར་པའི་ལོ་10ཡི་རིང་ཏང་ཀྲུང་དབྱང་གིས་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཉེ་བའི་ལོ་ཤས་རིང་ལས་ཞུགས་དེ“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ཨང་དང་པོར་བཞག་ནས་ལས་ཞུགས་སྔོན་ལ་ལག་བསྟར་བྱེད་པའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་དེ་བས་ཁ་གསལ་བཏོན་ཡོད།

    ལོ་10ཡི་རིང་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་ཚད་ལོ་རེར་ཆ་སྙོམས་བྱས་ན་མི་ཁྲི་1300ཡན་འཕར་ནས་རིམ་རྩིས་བྱས་ན་ལས་ཤོར་མི་སྣ་ཁྲི་5501བསྐྱར་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་དང་། མཐོ་སློབ་སློབ་ཐོན་སློབ་མ་ཁྲི་8000ལྷག་ཙམ་གྱི་ཁྱོན་ཡོངས་ཀྱི་ལས་ཞུགས་ཆུ་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་ཞིང་པ་ལས་མིའི་བསྡོམས་འབོར་དུང་ཕྱུར་2.9བར་མང་དུ་ཕྱིན་པ། འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་པ་སོགས་རེད།

    98.62% བདེ་འཇགས་ཚོར་སྣང་རྒྱུན་མཐུད་ཆེ་རུ་ཕྱིན་ནས“ཀྲུང་གོའི་སྐྱོང་ལུགས”ཀྱི་ལེགས་ཆ་འབུར་དུ་ཐོན་པ།

    དུས་རབས་གསར་པའི་ལོ་10ཡི་རིང་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་ཆུ་ཚད་དེ་བས་མཐོ་རུ་སོང་ཞིང་། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་གི་སྟོན་གྲངས་2012ལོའི་87.55%ནས་2021ལོའི་98.62%བར་འཕར་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་ནི་འཛམ་གླིང་ཐོག་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    2018ལོ་ནས་བཟུང་ས་གནས་ཁག་གིས་རིམ་རྩིས་བྱས་ན་ངོ་སྤྲོད་ཡི་གེ་ཁྲི་2.1ལྷག་ཙམ་གཙང་བཤེར་བྱས་ནས་མེད་པར་བཟོས་ཤིང་། “ར་སྤྲོད་ཁུ་བསྡུ་བྱས་ནས་དམངས་ལ་སྟབས་བདེ་སྐྲུན་པའི”ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་སོགས་རེད།

    དུས་རབས་གསར་པའི་ལོ་10ཡི་རིང་ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ལ་ཐུན་མོང་སྐུལ་འདེད་བཏང་བས་རང་རྒྱལ་གྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་ཡོད།

    ཏུན་དུང་ཕྱུར་58 ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་དང་འཕེལ་རྒྱས་གཏོང་སྟངས་ཀྱི་འབྱུང་འཕྲོད་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ།

    ལོ་10ཡི་རིང་ཀྲུང་གོས་ལོ་རེར་ཆ་སྙོམས་ནུས་རྒྱུའི་འཛད་སྤྱོད་འཕར་ཚད་3%གྱིས་ཆ་སྙོམས་དཔལ་འབྱོར་འཕར་ཚད་6.6%ལ་འདེགས་སྐྱོར་བྱས་པས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཟད་གྲོན་ཆག་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད། ཀྲུང་གོས་2020ལོར་སླེབས་སྐབས་ཐཱན་འབུད་ཚད་40%ནས་45%བར་དམའ་རུ་གཏོང་བའི་དམིགས་ཚད་ཚད་བརྒལ་ལེགས་སྒྲུབ་བྱས་པ་དང་། རིམ་རྩིས་བྱས་ན་དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་58འབུད་ཚད་ཉུང་དུ་བཏང་ནས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་ཚད་ཁྲོམ་ར་དང་དྭངས་གཙང་གློག་གཏོང་མ་ལག་བསྐྲུན་ཡོད།

    རྣམ་གྲངས་ཁག་43 མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ནས་ཀྲུང་ཧྭའི་རིག་གནས་ཀྱི་སྒེག་ཉམས་ངོམས་པ།

    རྣམ་གྲངས་ཁག་43

    2022ལོའི་ཟླ་11པར“ཀྲུང་གོའི་སྲོལ་རྒྱུན་ཇ་བཟོའི་ལག་རྩལ་དང་འབྲེལ་ཡོད་གོམས་སྲོལ”མངོན་མིན་རིག་གནས་ཤུལ་བཞག་ལ་འདུན་ཞུ་ལེགས་གྲུབ་བྱུང་བ་དང་ཆབས་ཅིག མིག་སྔར་རང་རྒྱལ་གྱི་རྣམ་གྲངས་ཁག་43མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དང་མིང་ཐོའི་ནང་ཚུད་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

    ཁུན་ཧྲན་གྱི་ཁྲང་ཞི་དང་། ཀོ་བརྙན་ཟློས་གར། ཡིག་གཟུགས། རྐོ་འབྲི་སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་ཚུད་པའི་རྣམ་གྲངས་དེ་བས་མང་བ་ཞིག་གིས་འཛམ་གླིང་རིག་གནས་ཀྱི་སྣ་མང་རང་བཞིན་ལ“ཀྲུང་གོའི་ཉམས་འགྱུར”ལེགས་སྐྱེས་སུ་ཕུལ་བ་མ་ཟད། ཀྲུང་ཧྭའི་རིག་གནས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རིང་གི་ཀྲུང་གོ་བའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ཡོད།

    ལོ་10ཡི་རིང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོ་སྤོས་པ་དང་རིག་གནས་བྱ་གཞག་ཉིན་བཞིན་དར་རྒྱས་ཕྱིན་ཞིང་། “རྟེན་རྫས་བཤམས་མཛོད་ཁང་གི་ཚ་རླབས”དང་། “དཔེ་རྙིང་གི་ཚ་རླབས”“མངོན་མིན་རིག་གནས་ཤུལ་བཞག་གི་ཚ་རླབས”བཅས་སྲོལ་བཟང་དུ་གྱུར་ནས་རིག་གནས་ཤུལ་བཞག་དག་དེ་བས་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས་མི་རྣམས་ཀྱི་བསམ་པའི་འཚོ་བའི་ཁྲོད་ཁྱབ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།