
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཙོའུ་མིང་ནི་ཧྥན་ཀང་ཚོགས་པའི་ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་བཀོད་པ་ཡིན་ལ་1993ལོར་སློབ་མཐར་ཕྱིན་རྗེས་ཞིབ་འཇུག་ཁང་དུ་ལས་ཀ་བྱས། ལོ་30ལྷག་ཙམ་གྱི་རིང་། ཙོའུ་མིང་དང་ལས་རོགས་ཚོས་ལྕགས་ལམ་ཐོག་སྤྱོད་པའི་ལག་རྩལ་གསར་ཤོས་ཀྱི་ཞིབ་སྤེལ་ལ་ཐོག་མཐའ་བར་གསུམ་དུ་གཞོལ་བ་དང་། ཞིབ་སྤེལ་ནང་ཞུགས་པའི་ལྕགས་ལམ་ཐོན་རྫས་དེ་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་རྣམ་གྲངས་ནང་རྒྱ་ཆེར་སྤྱད་པ་མ་ཟད་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་ཕྱིར་གཏོང་ཡང་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། ཙོའུ་མིང་གིས་ཚོགས་པའི་སྣེ་ཁྲིད་དེ་རབས་རྗེས་མའི་ལྕགས་ལམ་ཞིབ་འཇུག་གསར་སྤེལ་བྱས་ཏེ་རང་རྒྱལ་གྱི་ལྕགས་ལམ་བྱ་གཞག་འཕེལ་རྒྱས་ཆེད་མུ་མཐུད་ལེགས་སྐྱེས་འབུལ་བཞིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཙོའུ་མིང་གིས་ན་གཞོན་ཚན་ཞིབ་ལས་དོན་པ་སྔར་བས་མང་བས་དུས་རབས་གསར་པའི་ཚན་རྩལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་རེ་བ་གནང་གི་ཡོད། འདི་ནི་ཧྥན་ཀང་ཚོགས་པའི་ཞིབ་འཇུག་ཁང་དུ་ཙོའུ་མིང(གཡས)གིས་ལས་རོགས་དང་ལྷན་དུ་ལམ་མདོ་ཁའི་ཇུས་འགོད་ལ་གྲོས་བསྡུར་བྱེད་བཞིན་པ།