《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱེད་པར་ཕུལ་བ་རེད། དེ་ནི་ལོ་8ཀྱི་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་གཏན་འབེབས་ལ་གྲོས་འཆམ་བྱུང་རྗེས་བཅའ་ཁྲིམས་དེར་སླར་ཡང་བཟོ་བཅོས་གལ་ཆེན་བརྒྱབ་པ་ཞིག་རེད།
ཁྲིམས་འཛུཌ་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལམ་ལུགས་དང་ཁྲིམས་འཛུགས་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་རེད། “ཁྲིམས་ལ་དོ་དམ་བྱེད་པའི་བཅའ་ཁྲིམས”ཤིག་གི་ངོས་ནས། རེས་སྐོར་འདིའི་ཁྲིམས་འཛུཌ་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པར་དོ་གནད་གལ་ཆེན་གང་དག་ཡོད་དམ། རྒྱལ་ཁབ་ཀྱི་བཅོས་སྐྱོང་ལ་ཤུགས་རྐྱེན་གང་དག་ཐེབས་སྲིད་དམ་ཞེ་ན།
དོ་གནད་དང་པོ། མཛུབ་ཁྲིད་བསམ་བློ་དང་རྩ་དོན་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་ལ་ཆ་ཚང་བ་དང་དབང་གྲགས་གཅིག་གྱུར་གྱི་ཚད་ལྡན་བཅའ་ཁྲིམས་མ་ལག་ཆགས་པར་བྱས་པ།
བཟོ་བཅོས་འཆར་ཟིན་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱས་ཏེ་བཅའ་ཁྲིམས་བཟོ་བ་དང་། བཟོ་བཅོས། མེད་པར་བཟོ་བ། འགྲེལ་བཤད་རྒྱག་པ། ཁྲིམས་གཞུང་རྩོམ་སྒྲིག་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་གྱི་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། མཐུན་སྦྱོར་གྱི་རང་བཞིན། གོ་ཆོད་ཀྱི་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཙན་གྱིས་བཟོ་བཅོས་འཆར་ཟིན་ནང་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་དམིཌ་ཏེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་གྱི་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། མཐུན་སྦྱོར་གྱི་རང་བཞིན། གོ་ཆོད་ཀྱི་རང་བཞིན་བཅས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།
དེར་བརྟེན། བཟོ་བཅོས་འཆར་ཟིན་ནང་བྱེད་ཐབས་ཞིབ་ཕྲ་མང་པོ་གཏན་འབེབས་བྱས་པ་དཔེར་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ཀྱི་འཆར་འགོད་དང་། ལོ་འཁོར་གྱི་ཁྲིམས་འཛུགས་འཆར་གཞི། ཆེད་དོན་ཁྲིམས་འཛུགས་ཀྱི་འཆར་གཞི་སོགས་ཀྱི་རྣམ་པ་བརྒྱུད་ཁྲིམས་འཛུགས་ལས་ཀར་སྤྱི་འདོམས་བཀོད་སྒྲིག་བྱེད་པར་ཤུགས་སྣོན་བརྒྱབ་ཡོད། ཁྲིམས་འཛུགས་ཀྱི་འཆར་འགོད་དང་ཁྲིམས་འཛུགས་ཀྱི་འཆར་གཞི་བཟོ་སྐབས། འཐུས་མིའི་གྲོས་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་དང་། བསམ་འཆར་རྒྱ་ཁྱབ་ངང་བསྡུ་བ། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་འདེད་དང་དཔྱད་དཔོག་བཅས་བྱེད་དགོས། ཁྲིམས་འཛུགས་ཀྱི་འཆར་འགོད་དང་ཁྲིམས་འཛུགས་ཀྱི་འཆར་གཞི་ཨུ་ཡོན་ཀྲང་གི་ཚོགས་འདུར་གྲོས་འཆམ་བྱུང་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྒྲིག་གཞིས་ཁྲིམས་འཛུགས་ལག་རྩལ་གྱི་ཚད་གཞི་བཟོ་དགོས།
དོ་གནད་གཉིས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། རྩ་ཁྲིམས་དང་མཐུན་པའི་རང་བཞིན་གྱི་ཞིབ་བཤེར་གྱི་བླང་བྱ་ཁ་གསལ་བཏོན་པ།
བཟོ་བཅོས་འཆར་ཟིན་གྱི་བཀྲག་མདངས་འཚེར་ས་ཆེན་པོ་གཞན་ཞིག་ནི། ལམ་ལུཌ་ཇུས་འགོད་ཀྱི་ཐད་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་དང་། བཅའ་ཁྲིམས་འཆར་ཟིན་གྱི་གསལ་བཤད་དང་གཅིག་གྱུར་གྲོས་ཞིབ་སོགས་ཀྱི་ལྷུ་ཚིགས་དང་། ཐོ་འགོད་ཞིབ་བཤེར་ལས་དོན་གྱི་རྩ་ཁྲིམས་དང་མཐུན་པའི་རང་བཞིན་གྱི་ཞིབ་བཤེར་བླང་བྱ་བཅས་ཁ་གསལ་བཟོས་ཏེ། ཐོ་འགོད་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་བཏང་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧོ་པེ་ཚང་ཀྲོའུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལེང་དབྱིང་ཧྭ་ཡིས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་ནི་ཁྲིམས་ལྟར་ཁྲིམས་འཛུགས་ཀྱི་རྩ་དོན་དོན་འཁྱོལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་ནུས་པ་ཆེ་ཤོས་ལྡན་པའི་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ནས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཁྲིམས་བཟང་སྐྱོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
དོ་གནད་གསུམ་པ། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་ལས་འགན་དང་འགན་འཁྲི་ཁ་གསལ་བཟོས་ནས་གཞི་རིམ་མང་ཚོགས་དང་འབྲེལ་ཡོད་ཀྱི་བསམ་འཆར་གཏིང་ཟབ་ཉན་པ།
གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་འཛུགས་པ་ནི་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཁྲིམས་འཛུགས་ལས་དོན་གྱི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་རེད། བཟོ་བཅོས་འཆར་ཟིན་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་གཞིས་དགོས་མཁོ་དངོས་ལ་གཞིགས་ནས་གཞི་རིམ་གྱི་ཁྲིམས་འཛུཌ་འབྲེལ་གཏུག་ས་ཚིགས་བཙུཌ་ཏེ། གཞི་རིམ་མང་ཚོགས་དང་འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་འཆར་ཟིན་དང་ཁྲིམས་འཛུགས་ཀྱི་ལས་དོན་ལ་བཏོན་པའི་བསམ་འཆར་གཏིང་ཟབ་ཉན་དགོས་པའི་གཏན་འབེབས་བྱས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་རྒྱལ་ཁབ་བཅའ་ཁྲིམས་ཁང་གི་ཀྲུའུ་རེན་ཐུང་ཝུའེ་ཏུང་གིས། 2015ལོའི་ཚུན་དུ་2022ལོའི་ཟླ་12བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་བཅའ་ཁྲིམས་ཀྱི་འཆར་ཟིན་དང་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞིའི་མ་ཟིན་142ལ་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་བསམ་འཆར་བསྡུས་པ་དང་། བསམ་འཆར་དང་གྲོས་འགོ་ཁྲི་1.5ལྷག་ཙམ་བཏོན་པའི་ནང་ནས་2800ལྷག་ཙམ་དང་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
དོ་གནད་བཞི་པ། ས་གནས་ཀྱི་ཁྲིམས་འཛུགས་དབང་ཚད་ཁྱབ་ཁོངས་འཐུས་སྒོ་ཚང་དུ་བཏང་སྟེ་ཡུལ་བབ་དང་བསྟུན་པ་དང་ས་ཁོངས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ།
མིག་སྔའི་ཁྲིམས་འཛུགས་བཅའ་ཁྲིམས་ཀྱིས་ཆུས་བཙུགས་པའི་གྲོང་ཁྱེར་ཚང་མར་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་སྤྲད་ཡོད། ད་ཐེངས་ཀྱི་བཟོ་བཅོས་འཆར་ཟིན་ནང་ཆུས་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་འཛུགས་དབང་ཚད་ནང“གཞི་རིམ་བཅོས་སྐྱོང”གི་དོན་ཚན་ཁ་སྣོན་བརྒྱབ་པ་དང་དུས་མཚུངས“ཁོར་ཡུག་སྲུང་སྐྱོང”གི་དོན་ཚན་དེ“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང”ཞེས་པར་བཟོ་བཅོས་བརྒྱབ་པ་ལས། ཆུས་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་འཛུགས་དབང་ཚད་སྔར་བས་རྒྱ་ཆེར་འགྲོ་རེ་ཡོད་པ་མཚོན་ཐུབ།
བཟོ་བཅོས་འཆར་ཟིན་ནང་ད་དུང་ཉེ་བའི་ལོ་ཤས་རིང་ས་གནས་ཀྱིས་ཁྲིམས་འཛུགས་ལག་ལེན་ལ་གཞོགས་འདེགས་བྱས་པའི་ཉམས་མྱོང་གི་གྲུབ་འབྲས་བསྡུས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཆུས་བཙུགས་པའི་གྲོང་ཁྱེར། རང་སྐྱོང་ཀྲོའུ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་། དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐུན་མོང་ཐོག་བཟོ་ཆོག་པ་ཁ་གསལ་བཟོས་ཡོད།