སི་ཁྲོན་ཞིང་ཆེན་ཧན་ཡོན་རྫོང་ཡུང་ལི་དབྱིས་རིགས་ཤང་ཀུའུ་ལུའུ་གྲོང་ཚོའི་འཐུས་མི་ཀྲེང་ཝང་ཁྲུན་ནི་རྒྱལ་ས་པེ་ཅིང་དུ་ཕེབས་ཐེངས་དང་པོ་ཡིན་ཞིང་། གནམ་ཐང་ནས་བཞུགས་གནས་བར་ཁོང་གི་འདྲེན་བྱེད་ཐོག་ཁང་དང་། བྱ་འཕུར་བ་ལྟར་གྱི་རླངས་འཁོར། ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་སོགས་ལ་གཟིགས་ནས་ལྟད་མོ་ཆེན་པོ་བྱུང་།
ཡིན་ནའང་གསར་དུ་བདམས་པའི་འཐུས་མི་ཁོང་གིས་སེམས་སུ་འཕྲེང་བ་ནི་སྤྱི་ལེ་2000ཙམ་གྱིས་ཆོད་པའི་ཡུལ་མི་རྣམས་རེད། ཁོང་གིས་ཁ་པར་ནས་འདྲ་པར་བསྟན་ཏེ་ཚང་མར་གྲོང་ཚོའི་འགྱུར་ལྡོག་བརྗོད་བཞིན་མཆིས།
ས་བབ་སྨི་1400ཡོད་པའི་ཀུའུ་ལུའུ་གྲོང་ཚོ་ནི་སྨུག་པས་བཏུམས་ཤིང་། “2018ལོར་དཔྱང་ཟམ་ཤར་གཏོང་ཐུབ་རྗེས་ཆུ་ཚོད་3འགོར་བའི་རི་ལམ་དེར་ད་ཆ་སྐར་མ་3ལས་འགོར་གྱི་མེད”
ལོ་3གོང་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་ལག་ནས་ལས་འགན་བླངས་རྗེས་གཟི་བརྗིད་ལྡན་པ་དང་ཆབས་ཅིག ཁོང་གིས་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཡང་ཟབ་མོ་བྱུང་ཡོད། པེ་ཅིང་དུ་མ་ཕེབས་གོང་ཀྲེང་ཝང་ཁྲུན་གྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་དང་བསམ་གཞིག་གནང་བ་མ་ཟད། ད་དུང་ཆེད་མངགས་གྲོང་མིའི་འཐུས་མི་དང་། ཏང་ཡོན། གྲོང་ཚོའི་ལས་བྱེད་པ་བཅས་བསྐོངས་ནས་བསམ་འཆར་བསྡུ་བའི་ཚོགས་འདུ་ཞིག་ཀྱང་འཚོགས་ཏེ་ཚང་མའི་བསམ་ཚུལ་གསན་པ་རེད།
འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུར། ཁོང་གིས་གྲོས་འགོ་འདི་དག་ཚང་མ་བཏོན་པ་སྟེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། མང་ཚོགས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ནས་ཐུན་མོང་འབྱོར་ཕྱུག་གི་ལམ་བུ་གཏོད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས“ཞིང་ནང་གི་ཤེས་ལྡན་པ་དང་ཡུལ་ལུགས་མཁས་པ”དེ་བས་མང་བ་གདན་དྲངས་ནས་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པ་སོགས་རེད།
“གྲོང་གསེབ་དར་རྒྱས་གཏོང་བའི་བྱ་གཞག་ཐད་ཞིང་པ་ཚོར་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང‘གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་པའི་འབབ་འཕར་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ’‘གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་བྱ་སྤྱོད’བཅས་བཏོན་ཡོད། ཕྱིར་ལོག་རྗེས་ང་ཚོས་གང་མགྱོཌ་བརྟག་ཞིབ་བྱེད་པར་སྐྱོད་ངེས་ཡིན”ཞེས་ལོ་མང་རིང་གྲོང་གསེབ་དར་རྒྱས་ལ་དོ་ཁུར་བྱེད་པ་དང་འབྲེལ། གྲོས་འགོ་འདོན་མཁན་ཁྲེང་ཏུའུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འཐུས་མི་ལི་ཙན་ལའང་མྱོང་ཚོར་ཟབ་མོ་བྱུང་བ་རེད།
“ལྷན་རྒྱས་ང་ཚོའི་གྲོང་ཚོར་ཕེབས་པར་དགའ་བསུ་ཞུ། མ་གཞི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྒྲིག་ཚུད་གྲོང་ཚོ་མཐའ་མ་དེ་ཡིན་མོད། འོན་ཀྱང་ང་ཚོས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་བཀོད་སྒྲིག་བྱེད་འགོ་ཚུགས་ཡོད”ཅེས་གྲོས་ཞིབ་བྱ་ཡུལ་དུ་ལེང་ཧྲན་ཀྲོའུ་པུའུ་ཐོ་རྫོང་ལཱ་ཀོ་ཤང་ཨ་པུའུ་ལོ་་ཧ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་འཐུས་མི་ཅི་ལེ་ཙེ་རི་ཡིས་ཚང་མ་གདན་འདྲེན་ཞུས་པ་རེད།