གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོཌ་པའི་དྲུང་ཡིག་ཁྲུའུ་གྲོས་འཆར་ཚོགས་ཆུང་ནས་ཤེས་རྟོགས་བྱུང་དོན། ད་ལོ་རང་ལྗོངས་ཀྱི་འཐུས་མིས་ཁྱོན་གྲོས་འགོ་ཁག་28ཕུལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་ལ་བོད་ཀྱི་འཐུས་མི་ཚོགས་པས་ཕུལ་བའི་གྲོས་འགོ་དེ་དག“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ཅིང་། དེ་དག་གི་ནང་དོན་ནུས་རྒྱུ་གཙང་མ་དང་། དྲོད་རླངས་དང་གསོ་རླུང་མཁོ་འདོན། བོད་ཀྱི་གསོ་བ་རིག་པ། ཐོན་ལས་འཕེལ་རྒྱས་སོགས་དང་འབྲེལ་བ་ཡོད་པ་རེད། དེའི་ནང་འཐུས་མི་ཚོགས་པའི་མིང་ཐོག་ནས་གྲོས་འགོ་ཁག་8ཕུལ་བའི་ནང་། 《རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པའི་སྐོར་གྱི་གྲོས་འགོ》དང་། 《བོད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་དང་གསོ་རླུང་མཁོ་འདོན་གྱི་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་གྱི་གྲོས་འགོ》 《བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཌ་གཏོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་གྱི་གྲོས་འགོ》སོགས་ཚུད་ཡོད། འཐུས་མི་མི་སྒེར་གྱི་མིང་ཐོག་ནས་གྲོས་འགོ་ཁག་20ཕུལ་བའི་ནང་། 《བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་གྲོས་འགོ》དང་། 《བོད་ཀྱི་ཡང་བའི་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་གྱི་གྲོས་འགོ》 《བོད་ཀྱི་མཐོ་སློབ“རྩེ་གྲ་གཉིས”འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་གྱི་གྲོས་འགོ》སོགས་ཚུད་ཡོད་པ་རེད།
ད་ལོ་ནི་སྐབས་འདིའི་འཐུས་མིས་འགན་འཁྲི་སྒྲུབ་པའི་ལོ་དང་པོ་རེད། གྲོས་འགོ་མ་ཕུལ་གོང་འཐུས་མི་ཡོངས་ཀྱིས་བརྟག་ཞིབ་ནན་ཏན་དང་གྲ་སྒྲིག་ཞིབ་ཚཌ་བྱས་ནས། བཟོ་བཅོས་ཡང་ཡང་དང་གྲོས་བསྡུར་ཞིབ་འཇུག་གནང་བའི་གྲོས་འགོ་དེ་དག་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད། གྲོས་འགོ་དེ་དག་ནང་འཐུས་མི་ཚོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་སེམས་ནུས་འདུས་ཡོད་ལ། འཐུས་མིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་གནང་བ་ཡང་མཚོན་གྱི་ཡོད།