དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝང་ཧུའུ་ཉིང་། ཞི་གཞོན་པ་ཧན་ཀྲེང་བཅས་ཀྱི་ལོ་རྒྱུས་མདོར་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-11

    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི།

    1875f82c-c0d9-4afb-9b25-1af0f31a9eb8.jpg.jpg

    ཀྲའོ་ལེ་ཅི། སྐྱེས་པ། རྒྱ་རིགས། 1957ལོའི་ཟླ་3པར་འཁྲུངས། ཧྲའན་ཤིས་ཤིས་ཨན་བ། 1974ལོའི་ཟླ་9པར་ལས་ཀར་ཞུགས། 1975ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། པེ་ཅིང་སློབ་ཆེན་མཚན་ཉིད་རིག་པའི་ཚན་ཁག་མཚན་ཉིད་རིག་པའི་ཆེད་ལས་ནས་ཐོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་བཞེས་བཞིན་ཡོད།

    ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝང་ཧུའུ་ཉིང་།

    ca1bc0e8-da07-4566-a4db-6670c312345c.jpg.jpg

    ཝང་ཧུའུ་ཉིང་། སྐྱེས་པ། རྒྱ་རིགས། 1955ལོའི་ཟླ་10པར་འཁྲུངས། ཧྲན་ཏུང་ལའེ་ཀྲོའུ་བ། 1977ལོའི་ཟླ་2པར་ལས་ཀར་ཞུགས། 1984ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཕུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། དགེ་རྒན་ཆེ་མོ་བ། ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་།

    d0a84b90-89b9-44dd-bcbe-451bc783065e.jpg.jpg

    ཧན་ཀྲེང་། སྐྱེས་པ། རྒྱ་རིགས། 1954ལོའི་ཟླ་4པར་འཁྲུངས། ཀྲེ་ཅང་ཚེ་ཤིས་བ། 1975ལོའི་ཟླ་12པར་ལས་ཀར་ཞུགས། 1979ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧྭ་ཏུང་དགེ་འོས་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་སུའོ་ཡི་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། མཐོ་རིམ་དཔལ་འབྱོར་ལག་རྩལ་ཆེ་མོ་བ། ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།