དབུ་ཤོག>ཆེད་སྒྲིག
  • རིག་གཞུང་ལ་བརྟེན་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-10

    18d801f7-31ec-4a50-994d-d19bffad795b.jpg.jpg

    འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་མཚོ་ཡིས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་པར་སྐྱོན་བཞིན་པ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་མཚོ་ནི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག(སྤྱི་ཚོགས་ཚན་རིག་རིགས་ཁོངས་མཉམ་འབྲེལ་ལྷན་ཚོགས)ཁང་མི་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཞིག་རེད། བཅར་འདྲི་བྱེད་རིང་ས་ཆ་གང་རུང་དང་གནད་དོན་གང་ཞིག་ཡིན་རུང་ཁོང་གིས་འདྲི་བ་གཏིང་ཟབ་འདྲི་ཡི་ཡོད་ལ་སེམས་ལའང་གསལ་པོར་ངེས་ཡོད་པ་མ་ཟད། ཁོང་གི་གཞུང་ལས་ཁང་གི་སྒྲོག་ཙེའི་སྟེང་བརྟག་ཞིབ་དཔྱད་ཡིག་གིས་ཁེངས་ནས་བཞག་པ་གསར་འགོད་པས་མཐོང་བྱུང་།

    པད་མ་མཚོ་ཡིས“ཉེ་བའི་ལོ་ཤས་རིང་། ངས་རྟག་ཏུ་འབྲོག་ཁུལ་གྱི་རྒན་རྒོན་ཚོགས་སྤྱི་དང་རྒན་གསོའི་བྱེད་སྟངས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ངའི་ཆེད་ལས་ནི་མིའི་རིགས་ཀྱི་རིག་པ་ཡིན་པ་དང་རིག་ཚན་དེའི་གཞི་རྩའི་བླང་བྱ་ནི་ངེས་པར་དུ་ཞིང་ནང་དང་མུ་ཁར་བསྐྱོད་དེ་བརྟག་དཔྱད་ཡུན་རིང་བྱེད་རྒྱུ་དེ་རེད”ཅེས་གསུངས་པ་དང་། ཁོང་གིས“ལོ་ཤས་གོང་། ང་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་གཅིག་སྡུད་རྒན་གསོའི་བསྙེན་བཀུར་ལྟེ་གནས་སུ་མིའི་རིགས་ཀྱི་རིག་པའི་བརྟག་དཔྱད་ལ་བསྐྱོད་པ་ཡིན། དེ་གར་ང་དང་རྒན་རྒོན་ཚོ་ཟླ་ཤས་མཉམ་དུ་འཚོ་སྡོད་བྱས་པ་ཡིན། དེ་གའི་རྒན་རྒོན་ཚོ་ནི་ཁྱིམ་ཚང་ལ་རྐྱེན་ངན་གོད་ཆག་བྱུང་བའམ་ཡང་ན་ཁྲག་རྒྱུན་འབྲེལ་བའི་གཉེན་ཉེ་མེད་སྟབས་ཆགས་ས་རྟེན་ས་མེད་པར་གྱུར་མོད། འོན་ཀྱང་ཟླ་ཤས་མཉམ་དུ་འཚོ་སྡོད་བྱེད་རིང་རྒན་རྒོན་ཚོས་བརྗོད་མང་ཤོས་ནི་འདི་གར་རྒན་གསོའི་ཁྱིམ་གཞིས་ཡིན་ཞེས་པ་དེ་རེད”ཅེས་གསུངས།

    སྐབས་དེ་དུས་ཀྱི་བག་ཆགས་ཟབ་ཤོས་ཀྱི་ཉམས་མྱོང་དེ་ལས་པད་མ་མཚོ་ཡིས་འབྲོག་ཁུལ་གྱི་རྒན་རྒོན་ཚོགས་སྤྱི་དང་རྒན་གསོ་བྱེད་སྟངས་ལ་དོ་ཁུར་བྱེད་འགོ་ཚུགས་པ་དང་འབྲེལ། 《རྩྭ་ཐང་ཐོག་གི་རྒན་གསོ་ཁང་། མིའི་རིགས་རིག་པའི་མཐོང་ཚོར་འོག་གི་རྒན་གསོའི་ལམ་ལུགས་ནག་ཆུའི་འབྲོག་ཁུལ་དུ་ལག་ལེན་བསྟར་བ》སོགས་ཀྱི་དཔྱད་རྩོམ་བྲིས་གནང་ཡོད།

    འདི་ལོ་པད་མ་མཚོ་གཟི་བརྗིད་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཐོན་བྱུང་བ་རེད། མི་རིང་བའི་གོང་པད་མ་མཚོས་བརྟག་ཞིབ་ངོ་སྤྲོད་ཡི་གེ་ཁྱེར་ཏེ། རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་ཕེབས་ནས་རང་ལྗོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཐ་སྐྱོང་འགན་སྲུང(རྒན་གསོ་འགན་སྲུང)ཐད་ཀྱི་གནས་ཚུལ་སྔར་བས་ཤེས་རྟོགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།