ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་བརྗོད་དོན། ལོ་དེ་དག་རིང་ཏང་གི་དམངས་ཕན་སྲིད་ཇུས་མང་དུ་སོང་ནས་ང་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད། ལྷག་དོན་དུ་ངའི་ཕྲུ་གུ་གཉིས་ཀྱིས་ཟས་སྡོད་དང་སློབ་ཡོན་རྩ་རྩིག་འགན་གཙང་ལེན་པའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད། ངའི་ཕ་མ་གཉིས་པོ་སྨན་ཁང་དུ་ནད་གཞི་ལྟ་བར་འགྲོ་སྐབས་ནད་གཞི་ཆུང་ངུར་སྨན་རིན་མི་དགོས་པར་སྨན་སྤྲོད་པ་དང་། ནད་གཞི་ཆེན་པོར་ཁ་གསབ་རོགས་དངུལ་90%སྤྲད་བྱུང་བས་སླད་ཕྱིན་ང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།
བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་ཆེན་སློབ་མ་ནམ་མཁའ་བཟང་ངག་གིས་བརྗོད་དོན། ཤུལ་ལམ་རིང་མོ་གོམ་པ་རེ་རེས་བགྲོད། འགྲོ་སྐྱོད་ནི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཟབ། ཉེ་བའི་ལོ་ཤས་རིང་རང་ལྗོངས་སུ་གཞུང་ལམ་རེ་རེ་བཞིན་ཤར་གཏོང་ཐུབ་པ་དང་། མེ་འཁོར་རེ་རེ་བཞིན་ཤར་གཏོང་ཐུབ་པ། གནམ་གྲུ་བདེ་བླག་ངང་འཕུར་བསྐྱོད་བྱུང་བ་བཅས་ལས་ད་ལྟ་གངས་ལྗོངས་ས་མཐོར་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད་པ་མཚོན་ཡོད། མི་རྣམས་ཀྱི་ཕྱིར་བསྐྱོད་བྱེད་སྟངས་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ངའི་ངོས་ནས་བརྗོད་ན“བསྐྱར་དར་རྟགས་ཅན”བསྡད་དེ་ཉིང་ཁྲི་ནས་ཕ་ཡུལ་ལྷོ་ཁར་སྐྱོད་སྐབས་ཆུ་ཚོད་གཅིག་ལས་འགོར་གྱི་མི་འདུག་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་འདུག སླད་ཕྱིན་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་འགྲོ་བ་དང་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ཡོད།