འདི་ནི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་འགོ་ཚུགས་ཚོགས་འདུ་གྲོལ་རྗེས་བུད་མེད་འཐུས་མི་ཁག་གཅིག་གིས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་པར་སྐྱོན་བཞིན་པ།
འདི་ནི་ཟླ་3ཚེས་7ཉིན། ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་འཐུས་མི་ལི་དབྱིང་གིས་ཚོགས་ཆུང་གི་ཚོགས་འདུར་གཏམ་བཤད་གནང་བཞིན་པ།
ཟླ་3ཚེས་5ཉིན་གུང་གཞོན་སྡེ་ཚོགས་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཨུ་ཡོན་ཝང་ཡ་ཕིང་གིས་ཚོགས་ཆུང་གི་ཚོགས་འདུར་གཏམ་བཤད་གནང་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་འཐུས་མི་ཉི་མས་ནན་ཏན་ངང་གཏམ་བཤད་གསན་བཞིན་པ།
ཟླ་3ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཨུ་ཡོན་ཚོས་ཚོགས་འདུའི་ནང་དོན་ནན་ཏན་གསན་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་གྲོང་མི་འཆི་བདེ(གཡས)ཡིས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་སྐབས་གཏམ་བཤད་སྤེལ་བཞིན་པ།
འདི་ནི་ཟླ་3ཚེས་5ཉིན། པེ་ཅིང་འཐུས་མི་ཚོགས་པའི་བུད་མེད་འཐུས་མི་ཚོས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་བར་གསེང་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ལ་གྲོས་བསྡུར་གནང་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྗེས་ཡིད་ཆེས་ཀྱིས་ཁེངས་བཞིན་མི་དམངས་ཚོགས་ཁང་ཆེ་མོ་ནས་དོན་བཞིན་པ།
“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ལ་ཞུགས་མཁན་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་མི་སྣ། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་གྱི་བུད་མེད་སྤུན་ཟླ། ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད། རྒྱ་སེ་མེ་ཏོག་མཚར་སྡུག་བཀྲ། བུད་མེད་འཐུས་མིའི་ཉམས་བཟང་མངོན། རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ལ་ཞུགས་མཁན་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན་ཚོས་འགན་འཁྲི་ནན་ཏན་སྒྲུབ་པ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འབུངས་མདུན་སྐྱོད་ཀྱི་བུད་མེད་ཀྱི་ལེའུ་བརྩམས་ཏེ་དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་མངོན་ཡོད།