ཚེས་8ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་ཚོགས་ཆུང་གྲོས་བསྡུར་མུ་མཐུད་བྱས་ཤིང་། བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རིགས་ཁོངས་ཁག་ཏུ“ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་ལ་གྲོས་བསྡུར་དང་། ཚོགས་འདུའི་གྲོས་ཆོད་དང་སྙན་སྒྲོན་གྱི་འཆར་ཟིན་ཁག་ལ་གྲོས་བསྡུར་གནང་བ་རེད།
ཨུ་ཡོན་ཀྲོང་ཡན་དང་། ཀརྨ་ཚེ་བརྟན། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ་སོགས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ་རེད།
ཨུ་ཡོན་ཚོས་ངོས་འཛིན་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་།“ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཚོར་གང་ཐུབ་བྱེད་པའི”ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་པས། ལས་དོན་ཁག་ལ་དགའ་འོས་པའི་གྲུབ་འབྲས་གསར་པ་ཐོབ་ནས། དམངས་སེམས་ཐོབ་པ་དང་དམངས་བློ་མགུ་པོ་བྱུང་ཡོད། འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལྗོངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ཁོངས་གཏོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། བློ་རྩ་བརྟན་པོས་སྒྱུར་བཅོས་གསར་གཏོད། དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ནས། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་། དྲང་གཞག་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག སྤུས་ལེགས་ཕན་ཆེའི་ཞབས་ཞུའི་ཁོར་ཡུག་བཅས་བཏོད་ཡོད།
ཨུ་ཡོན་ཚོས་གསུངས་དོན། ཚོགས་འདུའི་གྲོས་ཆོད་དང་སྙན་སྒྲོན་གྱི་འཆར་ཟིན་ཁག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་འགོ་ནས་མཇུག་བར་ཁྱབ་ཡོད། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བཏིང་ཡོད།