
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲེང་ཝེ་ཏུང་ནི་ཐེན་ཅིན་གྲུ་ཁའི་གྲུ་ཁ་དང་པོ་ཚད་ཡོད་ཀུང་སིའི་དབོར་འདྲེན་རུ་ཁག་གི་རུ་དཔོན་གཞོན་པ་རེད། ཁོང་གིས“གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ངས་དུས་རབས་གསར་པར་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དེ་བཞིན་ལག་རྩལ་གསར་གཏོད་མ་ལག་ཁྲོད་གཞི་རིམ་གྱི་ཐོན་ལས་བཟོ་པའི་ནུས་པ་སྔར་བས་ལེགས་པར་འདོན་པ་སོགས་ཀྱི་ཐད་གྲོས་འགོ་བཏོན་ནས་གཞི་རིམ་གྱི་ཐོན་ལས་བཟོ་པ་དང་ལག་རྩལ་བཟོ་པ་རྣམས་བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ནས་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ཏུ་འགྱུར་བར་སྐུལ་འདེད་གཏོང་བའི་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་ཀྱི་ཡིན”ཞེས་གསུངས།
འདི་ནི་ཐེན་ཅིན་གྲུ་ཁའི་ཟོག་འདྲེན་དྲ་བ་ཧྲིལ་པོའི་དོས་སྒམ་གྲུ་ཁའི་ཉམས་གསོ་ཁང་དུ་ཁྲེང་ཝུའེ་ཏུང(གཡས)དང་ལག་རྩལ་བཟོ་པ་ཚོས་རིག་ནུས་སྐྱེལ་འདྲེན་འཕྲུལ་མིར་བྱ་རིམ་སྒྲིག་སྦྱོར་བྱེད་བཞིན་པ།