དབུ་ཤོག>ཆེད་སྒྲིག
  • གྲོང་མིའི་བདེ་ཐང་གི“སྒོ་སྲུང་བ” ཡག་པོ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-07

    b9fcbc29-6582-4300-a559-91f81e2f1eb8.jpg.jpg

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་ཝེ་ཞའོ་ལི་ནི་གྲོང་གསེབ་ཀྱི་སྨན་པ་ཞིག་རེད།

    ལི་རིགས་ཡིན་པའི་ཝེ་ཞའོ་ལི་ཆུང་དུས་ནས་ཧའེ་ནན་ཞིང་ཆེན་པའེ་ཧྲ་ལི་རིགས་རང་སྐྱོང་རྫོང་ཆི་ཧྥང་གྲོང་རྡལ་ཁྲང་ལུང་གྲོང་ཚོར་འཚར་ལོངས་བྱུང་ཞིང་། སྐབས་དེ་དུས་གྲོང་ཚོའི་སྨན་བཅོས་ཆ་རྐྱེན་ཞན་པས་ཝེ་ཞའོ་ལི་ལ་ཆུང་དུས་ནས་གྲོང་གསེབ་ཀྱི་སྨན་པ་ཞིག་བྱས་ཏེ་གྲོང་མིར་རོགས་རམ་བྱ་རྒྱུའི་བརྩོན་སེམས་སྐྱེས།

    2000ལོ་ནས་བཟུང་ཝེ་ཞའོ་ལི་ཡིས་ཕ་ཡུལ་ཁྲང་ལུང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་གྲོང་ཚོའི་སྨན་པ་ཞིག་བྱས་ཤིང་། 2020ལོར་ཡིག་རྒྱུགས་བཏང་བ་བརྒྱུད། ཝེ་ཞའོ་ལི་ཆི་ཧྥང་གྲོང་རྡལ་སྡེ་ཁུལ་སྨན་ཁང་གི་གྲོང་གསེབ་ཀྱི་མཁོ་ཆོད་ལས་རོགས་སྨན་པ་ཞིག་ཏུ་གྱུར།

    ལོ་20ལྷག་ཙམ་གཞི་རིམ་དུ་ལས་ཀ་བྱས་པ་ལས་ཝེ་ཞའོ་ལི་ཡིས་གཞི་རིམ་གྱི་ལས་ཀ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པ་གསལ་པོར་རྟོགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཁོང་གིས་རང་ཉིད་ཀྱིས་མཐོང་ཐོས་བྱུང་བའི་མང་ཚོགས་དང་འབྲེལ་འདྲིས་ཆེ་ཤོས་ཀྱི་འབོད་སྒྲ་དག་གྲོས་འགོར་བསྒྱུར་ནས་པེ་ཅིང་དུ་འཁྱེར་གྱི་ཡིན་ཞེས་བརྗོད།

    འདི་ནི་ཧའེ་ནན་ཞིང་ཆེན་པའེ་ཧྲ་ལི་རིགས་རང་སྐྱོང་རྫོང་ཆི་ཧྥང་གྲོང་རྡལ་སྡེ་ཁུལ་སྨན་ཁང་དུ་ཝེ་ཞའོ་ལི(གཡས)ཡིས་ནད་པར་ན་ཚའི་སྐོར་སྐད་ཆ་འདྲི་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།