སྲིད་གཞུང་གི་ལས་དོན་སྙན་སྒྲོན།(གནད་བསྡུས)
ལོ་ལྔའི་རིང་དུས་ལྟར་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་ལྔའི་རིང་། ང་ཚོས་དུས་ལྟར་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་གནས་ཡོད། དབུལ་སྐྱོར་གནད་འཕིགས་རྒྱུན་འཁྱོངས་དང“ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས། སྲིད་ཇུས་ཀྱི་གཟིགས་སྐྱོང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་བཅད་ཅིང་། དབུལ་ཕོངས་ས་ཁུལ་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་མངོན་གསལ་བྱུང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད།
དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད། བར་བརྒལ་དུས་སྐབས་སུ་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་མི་ཡོང་བ་འགན་ལེན་བྱས་ཡོད། གནས་སྤོས་གཅིག་སྡུད་བཀོད་སྒྲིག་ཁུལ་སོགས་གཙོ་གནད་ས་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དབུལ་བྲལ་ས་ཁུལ་འཕེལ་རྒྱས་མགྱོགས་མྱུར་ཡོང་བ་དང་མང་ཚོགས་ལ་བརྟན་འཇགས་ངང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།
ལོ་ལྔའི་རིང་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིཌ་ལ་དམིགས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་ལྔའི་རིང་། ང་ཚོས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ཡོད།
སྲིད་གཞུང་གི་འགན་ནུས་སྒྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཡོད། གནས་ལུགས་ཆེན་པོ་གོ་བདེ། བཀའ་རྒྱ་བསྡུས་གསལ་སྒྲུབ་བདེ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྲིད་གཞུང་རང་ཉིད་ཀྱི་ཁེ་ཕན་ལ་ཕོག་ཐུག་གཏོང་བའི་སྒྱུར་བཅོས་སྐུལ་འདེད་བཏང་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་སྔར་ལས་ལྷག་པར་བྱས་པ་དང་། ཚོང་རར་ཞུགས་འཐུས་ལྷུག་ཏུ་བཏང་ཞིང་། ཕྱོགས་ཡོངས་ནས་ཚོང་རར་ཞུགས་འཐུས་བཀག་རྒྱ་གསལ་ཐོའི་ལམ་ལུགས་ལག་བསྟར་བྱས་ཡོད། ལོ་མང་རིང་སྲིད་འཛིན་བཀའ་འཁྲོལ་དོན་ཚན་1000ལྷག་ཙམ་མེད་པར་བཟོས་པ་དང་གཤམ་སྤྲོད་བྱས་པ་དང་། ཁེ་ལས་འཛུགས་པའི་དུས་ཡུན་ཟླ་གཅིག་ཡན་ནས་མིག་སྔའི་ལས་ཀའི་ཉིན་གྲངས་4ཡི་ནང་ཚུན་ལ་ཐུང་དུ་བཏང་ཡོད། གློད་སྡོམ་ཟུང་འབྲེལ་རྒྱུན་འཁྱོངས་དང་། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་གཉིས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། “སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དྲང་གཞག་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱུན་ཆད་མེད་པར་ཞབས་ཞུ་ལེགས་སུ་བཏང་ནས་དཔང་ཡིག་སྣ་ཚོགས་ཉུང་འཕྲི། སྲིད་དོན་ཞབས་ཞུ་90%ཡན་དྲ་ཐོག་ནས་གཉེར་ཆོག་པར་བྱས་ཡོད། སྒྱུར་བཅོས་ཀྱིས་མི་རྣམས་ལ་ཚོང་གཉེར་དང་ཁེ་ལས་གཉེར་བར་མཐུན་རྐྱེན་དང་བར་སྟོང་སྔར་ལས་མང་བ་བསྐྲུན་པ་དང་། ན་ནིང་ལོ་མཇུག་ཏུ་ཁེ་ལས་ཀྱི་གྲངས་འབོར་ཁྲི་5200ལས་བརྒལ་བ་དང་། ཁེར་གཉེར་བཟོ་ཚོང་ཐེམ་དུད་དུང་ཕྱུར་1.1ལས་བརྒལ་བས། ཚོང་རའི་བྱེད་པོའི་སྤྱི་འབོར་དུང་ཕྱུར་1.6བརྒལ་བ་དང་། ལོ་བཅུའི་སྔོན་གྱི་ལྡབ་3ཡིན་པས། ནང་སྐྱེས་སྒུལ་ཤུགས་ཆེ་རུ་མངོན་གསལ་ཕྱིན་ཡོད།
དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ལས་འགན་ལེགས་པོར་བསྒྲུབས་པ་དང་། གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་ནས་སྤུས་ཕྱོད་མཉམ་འདེགས་ལ་སྐུལ་འདེད་བཏང་ཡོད། དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ་དང་། ཕྱོགས་རིས་མེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཡོད། ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་ཡོད།
ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད། སྔོན་རྩིས་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་མ་ལག་འཐུས་ཚང་དུ་བཏང་ཡོད། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་བ་དང་། མ་རྩའི་ཚོང་རའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད།
ལོ་ལྔའི་རིང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་ལས་གྲུབ་ཚུལ་ལེགས་འགྱུར་རིམ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་ལྔའི་རིང་། ང་ཚོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་ལས་གྲུབ་ཚུལ་ལེགས་འགྱུར་རིམ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།
ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ཡོད། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ཡོངས་སུ་རྨང་གཞིའི་ཞིབ་འཇུག་གྲོན་དངུལ་ལོ་ལྔའི་ནང་ལྡབ་1འཕར་ཡོད། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ཡོད། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་བ་དང་། ཚོང་ར་ཅན་གྱི་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱིས་གསར་གཏོད་བྱེད་པར་སྐུལ་མ་བཏང་སྟེ། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱི་ལོ་འཁོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཡོད། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་གྲངས་གནས་གཉིས་འཕར་རྒྱུ་མཐའ་འཁྱོངས་བྱས་ཏེ། གསར་གཏོད་ཁེ་ལས་འབོར་ཆེན་ཞིག་འབུར་དུ་ཐོན་ཡོད།
ཐོན་ལས་རིམ་གྲས་མཐོ་འབྲིང་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ཡོད། བཟོ་སྐྲུན་ལས་རིགས་དེ་དངོས་གཞིའི་དཔལ་འབྱོར་གོང་དུ་སྤེལ་བའི་གཙོ་གནད་དུ་བཟུང་སྟེ། ཁེ་ལས་ཀྱིས་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བར་བསྔགས་སྐུལ་བྱས་ནས་གཏན་འཇགས་རྒྱུ་ནོར་རྙིང་འགྱུར་ཚབ་ལེན་གྱི་གཟིགས་སྐྱོང་སྲིད་ཇུས་དེ་བཟོ་སྐྲུན་ལས་རིགས་ཡོངས་རྫོགས་སུ་རྒྱ་བསྐྱེད། དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་དང་གླ་རིན་ཇེ་དམའ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། “དྲ་སྦྲེལ་+”དར་སྤེལ་བཏང་ཡོད། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་དེས་ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད་དང་། འཛད་སྤྱོད་ཚོང་ར་རྒྱ་སྐྱེད། ཐོན་སྐྱེད་བྱེད་སྟངས་གསར་གཏོད་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་གོའི་བཟོ་སྐྲུན་གྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ལོ་ལྔའི་རིང་རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་བཏང་སྟེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་ལྔའི་རིང་། ང་ཚོས་རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་བཏང་སྟེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།
འཛད་སྤྱོད་དང་ཕན་ནུས་ལྡན་པའི་མ་དངུལ་འཇོག་ཁྱོན་ཆེ་རུ་གཏོང་གང་ཐུབ་བྱས་ཡོད། རིམས་ནད་མ་བྱུང་གོང་དུ་འཛད་སྤྱོད་དེ་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། དགོས་མཁོ་མི་འདང་བར་དམིགས་ནས། འཛད་སྤྱོད་གང་མགྱོགས་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད། འཛད་སྤྱོད་འབོར་ཆེན་ལ་རྒྱབ་སྐྱོར་བྱས་ཏེ། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དང་། དངུལ་འཇོག་དང་དངུལ་བསྡུའི་སྒྲིག་སྲོལ་གསར་གཏོད་བྱེད་པ་དང་། འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ལས་གྲྭ་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས་ཤིང་། དམངས་ཁྲོད་དངུལ་འཇོག་གི་ཧུར་བརྩོན་རང་བཞིན་ཇེ་ཆེར་བཏང་ཡོད།
ས་ཁོངས་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་བཏང་ཡོད། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས། དབུས་རྒྱུད་ས་ཁུལ་དར་རྒྱས། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་བཅས་གཏོང་བར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ཡོད། པེ་ཅིང་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འཕར་རྒྱུད་གསར་པ་སྔར་བས་མང་བ་ཆགས་པར་སྐུལ་འདེད་བཏང་ཡོད།
མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་སྤྱི་དང་ལྷག་པར་དུ་རྫོང་མཁར་གྱི་ནུས་པ་འཐུས་ཚང་དུ་བཏང་བ་དང་། ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་བྱ་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ས་གོང་བརྟན་པོ་དང་། ཁང་གོང་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱས་པ་དང་། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ཁང་གཞིས་ཐོན་ལས་བརྟན་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི་16.7བསྒྱུར་བཀོད་བྱས་པས་ཁྱིམ་ཚང་ཁྲི་2900ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
ལོ་ལྔའི་རིང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇཌ་འགན་སྲུང་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུཌ་ཆེན་བཏང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་ལྔའི་རིང་། ང་ཚོས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བཏང་ཡོད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་བཏང་ཡོད།
འབྲུ་རིགས་འདེབས་ཁྱོན་བརྟན་འཇགས་དང་རྒྱ་བསྐྱེད་བཏང་ཡོད། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། ཚད་གཞི་མཐོ་བའི་རྨོ་ཞིང་མུའུ་དུང་ཕྱུར་4.56གསར་སྐྲུན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འབད་པ་ལྷོད་མེད་ཀྱིས་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་གྱི་ཟས་ཕོར་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད།
གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། རྣམ་པ་སྣ་མང་དང་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། ལོ་མང་རིང་རིམ་རྩིས་བརྒྱབ་པ་ལྟར་ན་གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་ཁྲི་2400ལྷག་ཙམ་བསྒྱུར་བཀོད་བྱས་ཡོད། ཞིང་པའི་ལས་ཞུགས་ལས་གཏོད་འབབ་འཕར་བཅས་ལ་སྐུལ་འདེད་བཏང་བ་དང་། གླ་རྒྱག་ཞིང་པའི་གླ་ཕོཌ་ཆད་འགྱངས་གཙང་བཅོས་བྱེད་ཤུཌ་མུ་མཐུད་ཆེ་རུ་བཏང་སྟེ། བསམ་བཞིན་དུ་འགྱངས་ཆད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད།
ལོ་ལྔའི་རིང་བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོཌ་ལ་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་ལྔའི་རིང་། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཡོད།
ཕྱིར་གཏོང་ནང་འདྲེན་བརྟན་ཐོག་སྤུས་འདེཌ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཕྱིར་གཏོང་ཁྲལ་སློག་སོགས་ཀྱི་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུཌ་ཆེ་རུ་བཏང་བ་དང་། རྒྱལ་ཕྱིའི་བང་མཛོད་ཁག་ཅིག་འཛུཌ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། འགག་སྒོ་ལས་སྒྲོལ་བ་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། ཕྱིར་གཏོང་ནང་འདྲེན་གཉིས་འགག་སྒོ་ལས་སྒྲོལ་བའི་དུས་ཚོད་སོ་སོར་67%དང་92%ཐུང་དུ་བཏང་ཡོད། སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་9.8%ནས་7.4%ལ་ཆག་ཡོད། ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕར་བ་ལས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཕྱི་དངུལ་བེད་སྤྱོད་ནུས་ལྡན་ཧུར་ཐག་བྱས་ཡོད། ཕྱི་དངུལ་ཚོང་རར་ཞུགས་འཐུས་མུ་མཐུད་ལྷུག་ཏུ་བཏང་ཞིང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཕལ་ཆེར་ཕྱོགས་ཡོངས་ནས་གློད་ཡོད་ཅིང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་21བཙུགས་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། རང་རྒྱལ་རྒྱུན་མཐུད་ངང་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་ནས་ཚོང་ལས་སྤེལ་བའི་གནས་མཆོག་ཏུ་གྱུར་ཡོད།
སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། ཕན་ཚུན་སྦྲེལ་མཐུད་དང་ཐོན་ནུས་མཉམ་ལས་ཀྱི་ལས་གཞི་ཁག་གཅིག་ལག་བསྟར་བྱས་ཡོད། རང་མོས་ཉོ་ཚོང་གྲོས་ཆོད་6གསར་དུ་བཞག་པ་དང་རིམ་སྤར་བྱས་པ་དང་། ཉོ་ཚོང་དང་མ་དངུལ་འཇོག་པ་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།
ལོ་ལྔའི་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་ལྔའི་རིང་། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། གནད་འཕིགས་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་སྦགས་བཅོས་རྒྱུན་འཁྱོངས་བྱས་ཡོད། གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་86.5%ལ་སླེབས་ཡོད། ནགས་ཚལ་གྱི་ཁེབས་ཚད་དང་འདམ་ར་སྲུང་སྐྱོབ་བྱེད་ཚད་སོ་སོར་24%དང་50%ཡན་ལ་སླེབས་པ་དང་། མི་དམངས་མང་ཚོགས་ཀྱིས་གནམ་སྔོན་སྤྲིན་དཀར་དང་རི་སྔོན་ཆུ་དྭངས་ལོངས་སུ་སྤྱོད་ཚད་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
ནུས་སྲི་ཐཱན་གཅོག་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། ཚན་རིག་དང་མཐུན་ཞིང་སྒྲིག་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་བཏང་བ། ལྗང་མདོག་ཐོན་ལས་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་ཡོད།
ལོ་ལྔའི་རིང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་ལྔའི་རིང་། ང་ཚོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་ཡོད།
སློབ་གསོ་དྲང་སྙོམས་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་ལོ་རེར་4%ཡན་མཐའ་འཁྱོངས་བྱས་ཡོད་པ་དང་། སློབ་མ་རེར་ཆ་སྙོམས་གྲོན་དངུལ་གཏོང་ཚད་ཆེས་ཆེར་འཕར་ཡོད། འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་93.8%ནས་95.5%ལ་མཐོ་རུ་བཏང་ཡོད། ལས་རིགས་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། མཐོ་རིམ་སློབ་གསོའི་སློབ་ཞུགས་རགས་ཚད་45.7%ནས་59.6%ལ་མཐོ་རུ་ཕྱིན་ཡོད། འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།
སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ནས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དེ་སྤྱི་པའི་ཐོན་རྫས་སུ་བརྩིས་ནས་དམངས་ཡོངས་ལ་མཁོ་འདོན་བྱས་ཏེ་མང་ཚོགས་ཀྱི་སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་སྔར་བས་ཞི་ལྷོད་དུ་བཏང་ཡོད། ཞག་སྡོད་སྨན་བཅོས་དང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་རྒྱུ་མངོན་འགྱུར་བྱུང་བས། མི་ཐེངས་ཁྲི་5700ལྷག་ཙམ་ལ་ཕན་པ་ཐོབ་ཡོད། སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཀྱིས་ཉོ་སྒྲུབ་བྱ་རྒྱུ་ཁྱབ་གདལ་བཏང་ནས་འགྲོ་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར་4000ལྷག་ཙམ་ཡང་དུ་བཏང་ཡོད། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་བ་དང་། མི་དམངས་ཀྱི་བདེ་ཐང་འགན་སྲུང་གང་ཐུབ་བྱས་ཡོད།
སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུཌ་སྣོན་བརྒྱབ་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམས་སྒྲིག་ལམ་ལུགས་བཙུགས་ཤིང་། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་བསྟུད་མར་ཡར་སྤར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་མཐོ་རུ་བཏང་ཡོད། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱས་ནས། དམག་ཞབས་འཐིམས་པའི་དམག་མིའི་དོ་དམ་འགན་སྲུང་ལམ་ལུཌ་འཐུས་ཚང་དུ་བཏང་ཡོད། བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཏང་བ་དང་། ལོ་རེར་ཆ་སྙོམས་སྐབས་འཕྲལ་རོགས་སྐྱོབ་མི་ཐེངས་ཁྲི་1100བྱས་ཡོད་པ་དང་། མཐའ་གཅིག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དྲ་བ་དམ་པོར་བསྲུངས་ཡོད།
མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱས་ནས། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་བཏང་ཡོད། རིག་གནས་དམངས་ཕན་ལས་གྲྭ་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་སྤེལ་བྱེད་ནུས་ཆེ་རུ་བཏང་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱ་ཁྱབ་ཏུ་སྤེལ་ཡོད།
(རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣