ལོ་ལྔའི་གོང་། ལོ་29ལ་སླེབས་པའི་བཀྲ་ཤིས་རྒྱལ་མཚན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་པ་དང་། མི་དམངས་ཚོགས་ཁང་ཆེ་མོར་ཐེངས་དང་པོ་ཕེབས་པའི་ཁོང་སྤོབས་སེམས་ཀྱིས་ཁེངས་ལ་སེམས་འགུལ་ཡང་ཆེན་པོ་ཐེབས། སྨྱན་སྦྱོར་ཚན་པ་མང་པོའི་པར་ཆས་ཀྱི་གློག་འོད་མདུན་དུ་དངངས་འཚབ་ཅུང་ཟད་སྐྱེ་མྱོང་། འོན་ཀྱང་དེའི་རྗེས་ཀྱི་ལོ་ལྟར་ཁོང་རིམ་གྱིས་ཉམས་མྱོང་ཕུན་སུམ་ཚོགས་སུ་སོང་ལ་སེམས་པའང་དེ་བས་ལྷོད་དུ་ཕྱིན་ཡོད།
2012ལོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་དང་། བཀྲ་ཤིས་རྒྱལ་མཚན་ཡང་ལོ་དེར་ལས་ཀར་ཞུགས། 2021ལོར་བཀྲ་ཤིས་རྒྱལ་མཚན་གྱིས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་མདོ་ཡུལ་ལྷོ་པ་མི་རིཌ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་གི་འགན་ཁུར། ལས་འགན་ཁུར་ཚུན། ཁོང་གིས་ཤང་དེའི་ས་ཆ་གང་སར་བསྐྱོད་པ་དང་། མང་ཚོཌ་མང་ཆེ་བར་འཚམས་འདྲི་གནང་བ། མཐའ་མཚམས་འཛུགས་སྐྲུན་དང་། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། མཐའ་བརྟན་མཐའ་སྲུང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། “ཏང་དང་སྲིད་གཞུང་གིས་ང་ཚོར་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དཔེར་ན། སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་ནགས་སྲུང་བ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་མཁོ་འདོན་གནང་བ་དང་། ཕྱོགས་གང་ས་ཅི་ཐད་ཀྱི་སྲིད་ཇུས་ཀྱིས་ཐོན་སྐྱེད་དང་འཚོ་བར་འགན་ལེན་ཡག་པོ་བྱས་པས། ང་ཚོ་བདེ་སྡོད་ལས་བརྩོན་བྱུང་སྟེ་སེམས་རྣལ་ལ་ཕབ་ནས‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན’ཞིག་བྱེད་ཀྱི་ཡོད”ཅེས་མཐའ་མཚམས་མང་ཚོགས་ཀྱིས་བཤད་པའི་སྐད་ཆར་བཀྲ་ཤིས་རྒྱལ་མཚན་སེམས་འགུལ་ཆེན་པོ་ཐེབས།
ལོ་དེ་དག་རིང་། བཀྲ་ཤིས་རྒྱལ་མཚན་གྱིས་རང་གིས་རང་ལ་སྐུལ་མ་བཏང་བ་མ་ཟད། མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཚ་ཚ་འུར་འུར་ངང་ལས་ཀར་ཞུགས། ལྷུན་རྩེ་རྫོང་གི་རྒྱབ་སྐྱོར་འོག་ཤང་གིས་ཁྱིམ་ཚང་མགྲོན་ཁང་བཙུགས་པས་མི་དེ་བས་མང་བ་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཡུལ་སྲོལ་གོམས་གཤིས་མྱོང་ཚོར་བྱེད་པ་དང་མཐའ་མཚམས་གྲོང་གསེབ་ཀྱི་མཛེས་སྡུག་དང་འགྱུར་ལྡོག་ལ་ལྟ་བར་སླེབས་པ་མ་ཟད། གྲོང་མི་ཚོ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡང་བྱུང་བ་རེད། མིག་སྔར་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་སྲིད་འཛིན་གྲོང་ཚོ་3ལ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཕྱོཌ་ཡོངས་ནས་བསྐྲུན་པ་དང་། གློག་དང་། དྲ་བ། ཆུ་ཀ་ལ་བཅས་ཤར་གཏོང་ཐུབ་པ། ཨར་འདམ་ལམ་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་སྟེ་མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་བཅས་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། 2022ལོར་ཤང་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ལྷག་ཙམ་བྱུང་ཡོད།
“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་བཀའ་མོལ་དུམ་བུ་ཞིག་གིས་གཞོན་ནུ་ཚོར་མངགས་བཅོལ་ཟབ་མོ་གནང་ཡོད” བཀྲ་ཤིས་རྒྱལ་མཚན་གྱིས“འབད་འཐབ་ཀྱི་ལང་ཚོ་ནི་གདེང་ཚོད་ཆེ་ཤོས་དང་མཛེས་སྡུག་ལྡན་ཤོས་རེད། ངའི་ཕ་ཡུལ་ད་ཆ་ཕྱུག་པོ་ཆགས་པ་དང་མཛེས་སྡུག་ལྡན་པར་གྱུར་ཡོད་མོད། འོན་ཀྱང་མུ་མཐུད་གོམ་པ་རེ་རེ་བཞིན་སྤོས་ནས་ལས་ཀ་ཡག་པོ་སྒྲུབ་དགོས་ཀྱི་འདུག ངས་ཡུལ་མི་ཚོ་དང་མཉམ་དུ་བོད་ཀྱི་མཐའ་མཚམས་ལམ་ཐིག་མཛེས་ཤོས་བཏོད་དེ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་ས་ཆ་སྦར་མཐིལ་ཙམ་ལ་ཡང་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་གསུངས།