
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ།
ཟླ་3ཚེས་5ཉིན། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་དུས་བཀག་ལྟར་འཚོགས་ཤིང་། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཆར་གཞི་བཀོད་རྗེས་འཚོགས་པའི་ཚོགས་འདུ་ཐེངས་དང་པོ་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བར་བཀྲག་མདངས་འཚེར་ས་གསར་པ་ཞིག་འཇོག་ངེས་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རང་ལྗོངས་ཀྱི་འཐུས་མི་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་360ལྷག་ཙམ་གྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་བསྣམས་ནས། སེམས་ཤུགས་དང་རེ་བས་ཁེངས་བཞིན་དུ་འགན་འཁྲི་དང་ལས་འགན་བསྒྲུབས་ཏེ་པེ་ཅིང་དུ་འཛོམས་ནས། རྒྱལ་ཇུས་ལ་མཉམ་དུ་གྲོས་བསྡུར་གནང་བཞིན་ཡོད།

འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་འཆི་བདེ(གཡས་ཀྱི་གཉིས་པ)ཡིས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་སྐབས་གཏམ་བཤད་སྤེལ་བཞིན་པ།

འདི་ནི་ཟླ་3ཚེས་4ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན(གཡོན་གྱི་དང་པོ)དང་། སྐལ་བཟང་སྒྲོལ་མ། ནོར་བུ་གཡང་འཛོམས། ལྷག་ཆུང་བཅས་ཀྱིས་ཚོགས་འདུར་ཞུགས་པའི་ཉམས་མྱོང་སྤེལ་རེས་གནང་སྟེ། ཚོགས་འདུ་ཡག་པོ་འཚོག་པར་གྲ་སྒྲིག་གནང་བཞིན་པ།

འདི་ནི་ཟླ་3ཚེས་3ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རང་ལྗོངས་ཀྱི་འཐུས་མི་ཚོ་གནམ་གྲུར་བསྡད་ནས་པེ་ཅིང་དུ་ཕེབས་འབྱོར་ཟིན་པ།

འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རང་ལྗོངས་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྗེས་ཡིད་ཆེས་ཆེར་བསྐྱེད་ཀྱིས་མི་དམངས་ཚོགས་ཁང་ཆེ་མོ་ནས་དོན་བཞིན་པ།

འདི་ནི་ཟླ་3ཚེས་5ཉིན་སྨྱན་སྦྱོར་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉི་མར་བཅར་འདྲི་བྱེད་བཞིན་པ།