དབུ་ཤོག>ཆེད་སྒྲིག
  • འགན་འཁྲི་གཙང་སྒྲུབ་ལས་འགན་འཁུར་ཕོད་པ། ཐབས་འདོན་ཇུས་འབུལ་ཐོག་མའི་བསམ་འདུན་སྒྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-05

    4482388_huangzy_1677945600000_s.jpg

    ཟླ་3ཚེས་4ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ།

    4484753_huangzy_1677945600000_s.jpg

    འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་ཚོས་བཞུགས་ཡུལ་དུ་གྲོས་གཞིར་གྲོས་བསྡུར་གནང་བཞིན་པ།

    4484757_huangzy_1677945600000_s.jpg

    འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན(གཡོན་ནི་སྨན་སྐྱིད་མཚོ་མོ་དང་གཡས་ནི་པད་མ་གཡུ་སྒྲོན་ཡིན་པ)གྱིས་བཞུགས་ཡུལ་གྱི་སྒོ་འགྲམ་དུ་གྲོས་གཞིར་གྲོས་བསྡུར་གནང་བཞིན་པ།

    4484759_huangzy_1677945600000_s.jpg

    འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་ཚོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་མཉམ་དུ་དྲན་རྟེན་པར་སྐྱོན་བཞིན་པ།

    4484749_huangzy_1677945600000_s.jpg

    འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན(གཡས་ནི་བཀྲ་ཤིས་དོན་གྲུབ་དང་གཡོན་ནི་ཟླ་བ་ཚེ་རིང་ཡིན་པ)གྱིས་རླངས་འཁོར་ལ་བཞུགས་ཏེ་ཚོགས་རར་ཕེབས་བཞིན་པ།

    4484755_huangzy_1677945600000_s.jpg

    འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་ཚོས་གྲངས་ཉུང་མི་རིགས་གཞན་དག་གི་སྲིད་གྲོས་ཨུ་ཡོན་དང་ལྷན་དུ་དྲན་རྟེན་པར་སྐྱོན་བཞིན་པ།

    ས་གཞི་ཆེ་མོར་དཔྱིད་ཀྱི་དཔལ་ཡོན་བཞད། ཟླ་3ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2པ་ཙམ་ལ། བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་གོམ་སྟབས་བརྟན་པོས་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་དང་ལྷན་དུ་ཚོགས་འདུ་གཟབ་རྒྱས་ལ་ཞུགས་པ་རེད།

    འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གྱི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོ་ཞིག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་བཅས་རེད། ཨུ་ཡོན་ཚོས་འགན་འཁྲི་དེ་བས་ལྕི་རུ་ཕྱིན་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་རེ་སྒུག་ཀྱང་དེ་བས་ཆེ་རུ་ཕྱིན་སོང་ཞེས་གསུངས་པ་རེད།

    འགོ་འཛུགས་ས་གསར་པའི་ཐོག་ནས་རྒྱང་ལམ་གསར་པར་སྐྱོད། མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཚོགས་འདུ་འཚོགས་རིང་ཀྲུང་གུང་དང་། དམིགས་བསལ་གདན་ཞུས། ཆོས་ལུགས། མི་རིགས། ཕྱིར་ལོག་ཕྱིར་སྡོད་རང་མི། སྤྱི་ཚོགས་ཚན་རིག རིག་རྩལ། དཔལ་འབྱོར། སྨན་རྫས་འཕྲོད་བསྟེན། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ལས། ཏང་ཤོག་གང་ལའང་མི་གཏོགས་པ་བཅས་ཁྱོན་རིགས་ཁོངས་12ཀྱི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རྒྱལ་དོན་གླེང་བ་དང་སྲིད་དོན་ཇུས་འབུལ་གནང་ནས་ཚོགས་འདུར་བོད་ཀྱི་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་ནུས་ལྡན་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།