དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བོད་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-04

    7bde3066-bd70-4979-9bad-0211ca15b35c.jpg.jpg

    འདི་ནི་ཟླ་3ཚེས་3ཉིན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་འབྱོར་བ།

     ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་གཅིག་རྗེས་གཉིས་མཐུད་ངང་གནམ་གྲུར་བཞུགས་ཏེ་རྒྱལ་ས་པེ་ཅིང་དུ་འབྱོར་བ་རེད།

    གངས་ལྗོངས་ས་མཐོ་ནས་པེ་ཅིང་གི་བཞུགས་གནས་ཁག་བར། གསར་འགོད་པས་འཐུས་མི་དང་ཨུ་ཡོན་ཚོའི་འགན་སྒྲུབ་ཀྱི་སྤྲོ་སེམས་མཐོང་བ་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ནས་གོ་སྐབས་དམ་འཛིན་གྱིས་དགོངས་པ་དང་བསམ་འཆར་སྤེལ་རེས་བྱས་ཏེ་ཡིག་འབྲུ་དང་ཚིག་རེ་རེ་བྱས་ནས་གྲོས་འགོ་དང་གྲོས་གཞི་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་རེད།

    པེ་ཅིང་དུ་མ་ཕེབས་གོང་། རང་ལྗོངས་ཀྱིས་ད་དུང་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་འཚོགས་ཏེ་འཐུས་མི་དང་ཨུ་ཡོན་ཚོར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་2023ལོའི་ལས་དོན་བཀོད་སྒྲིག་བརྡ་ཁྱབ་བཏང་བ་མ་ཟད། འཐུས་མི་དང་ཨུ་ཡོན་ཚོར《གྲོས་འགོ》དང《གྲོས་གཞི》བརྒྱུད་སྤྲོད་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།