དབུ་ཤོག>ཆེད་སྒྲིག
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-03-02

    ཟླ་3ཚེས་1ཉིན། དཔེ་སྐྲུན་བྱས་པའི་དུས་ཐེངས་ལྔ་པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དུས་རབས་གསར་པར་ཏང་དང་མི་དམངས་ཀྱིས་འབད་འབུངས་མདུན་སྐྱོད་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ》ཞེས་པ་བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། བློ་བརྟན་འགྱུར་མེད་ངང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཚེ། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་གོང་བུ་འགྲིལ་ཤུགས་ཧ་ཅང་ཆེན་པོ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེན་པོ་འགན་ལེན་ཐུབ་ངེས་ཡིན་པ་མ་ཟད། གཞུང་འཁྱོངས་གསར་འབྱེད་དང་དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོའང་གཅིག་ཏུ་སྒྲིལ་ཐུབ་ནས། དཀའ་ངལ་འཕྲད་སྐབས་མི་དམངས་ཡོངས་ཀྱི་བློས་འཁེལ་ཤོས་ཀྱི་སྲོག་ཤིང་ཞིག་ཆགས་པའི་འགན་ལེན་བྱེད་ཐུབ་ངེས་རེད།

    རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་རིང་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་ནས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།

    རྩོམ་ཡིག་ནང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་ཏང་གི་གསོན་ཤུགས་ནམ་ཡང་མི་ཉམས་པ་དང་རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་བསྐྱོད་རྒྱུར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་ཐུབ་མིན་གྱི་འགག་རྩ་དེ་ཏང་ལ་ཐུག་ཡོད་ལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཡང་ཐུག་ཡོད། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་ཟམ་མི་ཆད་པར་གཙང་སེལ་དང་། ཏང་གི་བདེ་ཐང་འཚར་ལོངས་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་ཟམ་མི་ཆད་པར་གཙང་སེལ་བྱས་ཚེ། ང་ཚོས་ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་ཐུབ་ངེས་རེད་ཅེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།