དབུ་ཤོག>ཆེད་སྒྲིག
  • དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-02

    འདས་པའི་ལོ་ལྔའི་རིང། རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་གནད་འཁེལ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་རྒྱབ་སྐྱོར་ཤུགས་ཆེན། དམངས་གཉེར་ཁེ་ལས་ཀྱིས་ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་འཕར་བའི་འགན་ལེན་དང་། ལས་ཞུགས་བརྟན་པོ། གྲུབ་ཆ་ལེགས་སྒྲིག གསར་གཏོད་ལ་སྐུལ་འདེད་བཅས་ལ་ནུས་པ་དེ་བས་ཆེ་བ་འདོན་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་གཉེར་དཔལ་འབྱོར་མི་སྣའི་བདེ་ཐང་འཚར་ལོངས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་ཚོང་ཚོགས(མཐུན་ཚོགས)159ཟིན་པ་དང་། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་42.56ཟིན་པ། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་ཁྲི་1.32ཟིན་པ། དམངས་གཉེར་དཔལ་འབྱོར་ནི་ནོར་སྲིད་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བ་འབྲེལ་མཐུད་ནུས་ལྡན་བྱེད་པ་བཅས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ནས། དམངས་འཚོ་ལེགས་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་བཞིན་ཡོད།

    བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཙོ་རྐང་དུ་མཐའ་འཁྱོངས་བཟུང་ནས“མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཏེ། དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ལས་ཁུངས་དང་། ཚོང་ཚོགས(མཐུན་ཚོཌ)ཁེ་ལས་བཅས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་ཀྱི་ལས་དོན་ཁྱབ་གདལ་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད། དམངས་གཉེར་ཁེ་ལས་2ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཡོད།

    ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་བ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་འདོན་པར་སྐུལ་འདེད་བཏང་ཡོད། འོས་སྦྱོར་རྣམ་གྲངས་འཚོལ་བསྡུ་ཧུར་ཐག་དང་། ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཚོང་དོན་རྟོག་ཞིབ་སྣ་ཚོགས་ལ་ཞུགས་པ། ས་ཁོངས་དཔལ་འབྱོར་སྤེལ་རེས་མཉམ་ལས་གཏིང་ཟབ་བཅས་བྱས་ཡོད།

    རང་འགན་ཐེག་པ་འཁུར་ལེན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་པ། “ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་གྱི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། “ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་ནས་གྲོང་ཚོ་དབུལ་པོ་1374དང་ཆ་སྒྲིག་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་15.5བཏང་བ་དང་། མང་ཚོགས་ཁྲི་9.9ལ་ཕན་པ་བསྐྲུན་པར་སྐུལ་ཁྲིད་བྱས་པ། ཁེ་ལས་5རྒྱལ་ཡོངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་སྔོན་ཐོན་དམངས་གཉེར་ཁེ་ལས་ལ་བདམས་ཡོད་པ་རེད། ལས་ཞུགས་ལས་གཏོད་ལ་ཧུར་ཐག་ཞུགས་ནས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཐུན་སྦྱོར་བྱས་པ་བརྒྱུད། ལྗོངས་ཕྱིའི་དམངས་གཉེར་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་8809མཁོ་འདོན་བྱེད་པར་སྐུལ་སློང་དང་། ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་ལས་གནས་5100མཁོ་འདོན་བྱས་པ་རེད། དམངས་གཉེར་ཁེ་ལས་སྒྲིག་འཛུགས་ཀྱིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཁོངས་གཏོགས་ཚོང་ཚོགས(མཐུན་ཚོགས)78དང་། ཚོགས་མིའི་ཁེ་ལས་8600ལྷག་ཙམ་དང“གསར་གཉིས”ཏང་རྩ་འཛུགས་བཅས་ཀྱིས་ཚོད་འཛིན་ནན་པོ་དང་། ལས་མི་བརྟན་པོ། མཁོ་སྤྲོད་འགན་ལེན། ཟོག་གོང་བརྟན་པོ། ལེགས་སྐྱེས་འབུལ་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    ཚོང་ཚོགས་སྒྱུར་བཅོས་ཀྱི་གོམ་སྟབས་བརྟན་པོ་སྤོས་པ། ཚོང་ཚོགས་6རྒྱལ་ཡོངས་ཀྱི“ཡག་པོ་བཞིའི”ཚོང་ཚོགས་ལ་བདམས་པ་རེད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཚོང་ཚོགས་བཙུགས་པ་ལས། རང་ལྗོངས་ཀྱི་གླིང་ཁུལ་དུ་ཚོང་ཚོགས་མེད་པའི་སྟོང་ཆ་བསྐངས་ཡོད། དཔེ་མཚོན་འདེམས་པར་དམ་འཛིན་ཡག་པོ་བྱས་ནས་མི་6ལ་རྒྱལ་ཡོངས་ཀྱི“ལྔ་གཅིག”ངལ་རྩོལ་གྱི་གཟེངས་རྟགས་ཐོབ་པ་དང་། མི་10ལ་རྒྱལ་ཡོངས་ཀྱི“གསུམ་བརྒྱད་དར་དམར་བའི”མཚན་སྙན་ཐོབ་པ། མི་5ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཕུལ་བྱུང་འཛུགས་སྐྲུན་པའི་མཚན་སྙན་ཐོབ་པ། མི་1ལ་རྒྱལ་ཡོངས་ཀྱི“སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ཡི་རིང་གི་ཕུལ་བྱུང་དམངས་གཉེར་ཁེ་ལས་མཁས་ཅན”གྱི་མཚན་སྙན་ཐོབ་པ་རེད། སྤྱི་ལ་དབང་བ་མ་ཡིན་པའི་ལས་རིགས་ཀྱི་ཏང་ཨུད་བཙུགས་ནས་ཏང་གི་རྩ་འཛུགས་དང་ལས་དོན་ཁྱབ་ཁྱོན་གྱི་འགག་སྒྲོལ་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་ཁོངས་གཏོགས་སུ“གསར་གཉིས”ཏང་རྩ་འཛུགས་175དང་ཏང་ཡོན་1738ཡོད་པ་རེད།

    “སླད་ཕྱིན་གྱི་ལོ་ལྔའི་རིང་། ང་ཚོས་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། ཐོབ་ཐང་གཅིག་མཚུངས་སྤྲོད་པ། འགན་འཁྲི་གཅིག་མཚུངས་འགེལ་བ། ཁ་ཕྱོགས་གཅིག་མཚུངས་སུ་སྐྱོད་པ། གོམ་པ་གཅིག་མཚུངས་ཀྱིས་འཕེལ་རྒྱས་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས‘བདེ་ཐང་གཉིས’ལ་སྐུལ་འདེད་གཏོང་བར་བྱས་རྗེས་དེ་བས་ཆེ་བ་བཞག་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་གི་ཡིན”ཞེས་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།