དབུ་ཤོག>ཆེད་སྒྲིག
  • ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་སྐོར་གྱི་ནང་དོན་ཁ་སྣོན་བྱས་པར་དོན་སྙིང་ཅི་ཞིག་ལྡན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-21

    ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་མཚམས་བཅུ་པར“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ནང་དོན་བསྣན་པ་དང་སྦྲགས། “ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་དུ། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་དགོས”ཞེས་བསྟན་ཡོད་པ་རེད། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི། ཏང་གི་ཕུགས་བསམ་གྱི་དད་སེམས་དང་། ངོ་བོའི་དམིགས་ཡུལ། འབད་འཐབ་ཀྱི་དམིགས་ཚད་བཅས་གསོན་ཉམས་དོད་པོས་མཚོན་པ་ཞིག་ཡིན་ལ། དེས་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་གྱི་རང་བཞིན་དང་དྭངས་གཙང་གི་རང་བཞིན་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ཀྱིས་བརྩི་བཀུར་དང་དགའ་གུས་བྱེད་པའི་རྩ་བའི་རྒྱུ་རྐྱེན་གཏིང་ཟབ་བསྟན་ཡོད། ཤོད་སྟངས་འདི་བཏོན་མ་ཐག་ཏང་ཕྱི་ནང་ཀུན་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་དུ། ང་ཚོས་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”ཏང་ཡོངས་ཀྱི་ཁྱབ་རྒྱ་ཆེ་བའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཏང་གི་སྒྲིག་ཡིག་ཏུ་བཀོད་པ་ལས། ཏང་ཡོངས་ཀྱི་ཐུན་མོང་གི་སེམས་གཏམ་དང་རེ་བ་ནན་པོ་མཚོན་གྱི་ཡོད་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    དང་པོ། ཏང་ཡོངས་ཀྱིས་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། ཏང་གི་སྔོན་ཐོན་གྱི་རང་བཞིན་དང་དྭངས་གཙང་གི་རང་བཞིན་རྒྱུན་འཁྱོངས། ཏང་གི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་རྩ་དང་། ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་དང་འགན་འཁྲི་འཁུར་བ་ནི་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེའི་ནང་དོན་གལ་ཆེན་ཞིག་རེད། ཏང་དབུ་བརྙེས་པ་ནས་བཟུང་རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ཡོད། ལོ་ངོ་100ལྷག་ཙམ་རིང་རང་རེའི་ཏང་དབུ་བརྙེས་སྐབས་ཀྱི་ཏང་ཡོན་50ལྷག་ཙམ་ནས་ད་ལྟའི་ཏང་ཡོན་ཁྲི་9600ལྷག་ཙམ་ཡོད་པའི་བར་འཕེལ་རྒྱས་བྱུང་སྟེ། མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་དེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་ཏང་ཆེ་ཤོས་ཨང་དང་པོར་གྱུར་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། གྲུབ་འབྲས་དེ་ལྟ་བུ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་པ་མ་ཟད། ཏང་གི་འབད་འཐབ་ལག་ལེན་ཧྲིལ་པོའི་མགོ་ནས་མཇུག་བར་མཐའ་འཁྱོངས་བྱས་པས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐམས་ཅད་མདུན་དུ་སྐྱོད་ཀྱང་བསྐྱོད་ཟིན་པའི་ལམ་བུ་བརྗེད་རྒྱུ་མེད། རྒྱང་སྐྱོད་དང་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཕྱོགས་སུ་ཇི་ལྟར་བསྐྱོད་རུང་བསྐྱོད་ཟིན་པའི་ལམ་བུ་བརྗེད་རྒྱུ་མེད་ལ། ཅིའི་ཕྱིར་སྐྱོད་པ་ཡང་བརྗེད་མི་རུང”ཞེས་གསུངས་ཡོད། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཏང་གི་སྒྲིག་ཡིག་ཏུ་འགོད་དོན་ནི་ཏང་ཡོངས་ཀྱིས་ཅིའི་ཕྱིར་སྐྱོད་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་འཆང་བ་དང་། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་འཛུགས་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་དང་འབད་འཐབ་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་བཅས་ལ་ལྕག་སྐུལ་བྱས་ཏེ། ནམ་ཡང་ཚར་དུས་མེད་པའི་རིག་པ་དྭངས་གསལ་དང་བློ་སྟོབས་བརྟན་པོར་བརྟེན་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཕོད་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་བ་བཅས་ཀྱི་ཆེད་དུ་རེད།

    གཉིས་པ། ཏང་ཡོངས་ཀྱིས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས་མི་དམངས་མང་ཚོགས་དང་ཤ་རུས་ཀྱི་འབྲེལ་བ་རྒྱུན་འཁྱོངས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད། མི་དམངས་ཀྱི་ལངས་ཕྱོགས་ནི་རང་རེའི་ཏང་གི་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་རེད། རང་རེའི་ཏང་མི་དམངས་ཀྱི་ཁྲོད་ནས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་བཙུགས་པ། མི་དམངས་ལ་བརྟེན་ནས་དར་བ་བཅས་ཡིན་པས་ཏང་གི་རྩ་བ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ལ་ཐུག་ཡོད། དབུ་བརྙེས་པ་ནས་བཟུང་ཏང་གིས་བློ་རྩ་བརྟན་པོས་མི་དམངས་དང་མཉམ་དུ་གནས་པ་དང་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་འབད་འཐབ་བྱས་ཡོད། རང་རེའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད། གསར་བརྗེའི་ལོ་རབས་སུ་ཡིན་ནའང་འདྲ། ཡང་ན་ཞི་བའི་འཛུགས་སྐྲུན་གྱི་དུས་སྐབས་སུ་ཡིན་ན་ཡང་རུང་། ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་གྱི་ཚབ་བྱེད་པ་ལས། སྔར་ནས་བཟུང་ཁེ་ཕན་གྱི་ཚོགས་པ་གང་རུང་ཞིག་དང་། དབང་ཤུགས་ཀྱི་ཚོགས་པ་གང་རུང་ཞིག ཁྱད་དབང་གྲལ་རིམ་གང་རུང་ཞིག་བཅས་ཀྱི་ཁེ་ཕན་གྱི་ཚབ་བྱེད་ཀྱི་མེད། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་འདྲ་ཞིག་འཆང་བ་དང་ཆབས་ཅིག་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་པས། རང་རེའི་ཏང་ལ་མི་དམངས་ཀྱིས་ཚད་མཐོའི་ཡིད་ཆེས་དང་ལྷག་བསམ་ཟོལ་མེད་ཀྱི་བརྩི་བཀུར་ཞུ་ཡི་ཡོད། འདི་ནི་རང་རེའི་ཏང་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་གནས་པའི་རྩ་བ་ཐུག་ས་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པར“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”“ངེས་པར་དུ་གསུམ”ནས“ངེས་པར་དུ”དང་པོར་བཀོད་དེ། ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་སྐོར་གྱི་ནང་དོན་བསྣན་པ་དེ་ནི་ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མི་དམངས་ལ་བཅངས་པའི་ལྷད་མེད་ཀྱི་བསམ་པ་ནམ་ཡང་རྒྱུན་འཁྱོངས་ཐུབ་པར་ལྕག་སྐུལ་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པ་བློ་ལ་བརྟན་པོར་ངེས་པ་དང་འཛམ་གླིང་དུ་བདེ་སྐྱིད་ཆེ་ཤོས་ནི་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་འབད་འཐབ་བྱེད་པ་ལས་ལྷག་པ་མེད་པ་བློ་ལ་བརྟན་པོར་ངེས་ཏེ་ནམ་ཡང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྒྲིལ་བཅས་བྱས་ཏེ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    གསུམ་པ། ཏང་ཡོངས་ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ནས་བློ་གྲོས་དང་སྟོབས་ཤུགས་བསྡུས་ཏེ་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་སྦྱངས་ནས་ཕུགས་འདུན་རྟོགས་པར་བྱས་ཏེ་རྒྱུགས་ལེན་གྱི་ལམ་བུ་གསར་པར་མུ་མཐུད་ཡག་པོ་སྐྱོད་པར་སྐུལ་འདེད་གཏོང་བར་ཕན་པ་ཡོད། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བྱ་གཞག་རླབས་པོ་ཆེ་སྒྲུབ་པར་བརྩོན་སེམས་སྐྱེད་པ་དང་ལོ་བརྒྱའི་དུས་འདི་གཟི་དཔལ་རྒྱས་སྒང་རེད། ལོ་ངོ་བརྒྱའི་འབད་འཐབ་བརྒྱུད། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བྱུང་བར་སྐུལ་འདེད་བཏང་བ་དང་། ཡིད་ཆེས་ཀྱིས་ཁེངས་པའི་ངང་ཕུར་མཆོང་རླབས་པོ་ཆེ་འདིར་སྐུལ་འདེད་གཏོང་བཞིན་ཡོད། ད་ཆ་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་དེ་བས་ཉེ་ཞིང་དེ་བས་ཡིད་ཆེས་དང་ནུས་པ་ལྡན་ཡོད། དེ་དང་ཆབས་ཅིག་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོ་དང་རྔ་རྡུང་དར་འཕྱར་བྱེད་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན་པ་ངོས་འཛིན་ཐུབ་པར་བྱེད་དགོས། ང་ཚོར་འཐོབ་པར་དཀའ་བའི་གོ་སྐབས་ཕྲད་ཡོད་ལ་འགྲན་སློང་དྲག་པོའང་ཕྲད་ཡོད། འགག་རྩའི་དུས་མཚམས་འདིར་སྡོད་པ་དང་། ཐེ་ཚོམ། བབ་ལྟ་བཅས་བྱ་མི་རུང་བར་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ངར་ཤུགས་གཅིག་སྒྲིམ་དང་མུ་མཐུད་འབད་འཐབ་བྱེད་དགོས། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཏང་གི་སྒྲིག་ཡིག་ཏུ་འགོད་པར་ཏང་ཡོངས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་སྦྱངས་ནས་ཕུགས་འདུན་རྟོགས་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་ཡིད་ཆེས་དང་སྒུལ་ཤུགས་འཕེལ་བར་བྱེད་པ་དང་། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་བློའི་འཁྱེར་ཕྱོགས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་རྣམ་འགྱུར་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་མུ་མཐུད་ལག་ལེན་བསྟར་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལོ་རྒྱུས་དང་མི་དམངས་ལ་དེ་བས་ཕུལ་དུ་བྱུང་བའི་རྒྱུགས་ལན་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།