དབུ་ཤོག>ཆེད་སྒྲིག
  • རྩྭ་མདའ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྐོར་གྱི་ཤེས་བྱ་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-15

    ཉེ་ཆར། རྩྭ་མདའ་རྫོང་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ངར་སེམས་ཆེར་སྐྱེད་ཀྱིས་བྱས་རྗེས་གསར་པ་འཇོག”ཅེས་པའི་བརྗོད་དོན་གཙོ་བོའི་ཤེས་བྱ་འགྲན་བསྡུར་གྱི་མཐའ་བསྡུར་བྱས་པ་རེད།

    རྫོང་ཡོངས་ཀྱི་ཏང་ཀྲི་པུའུ་ཁག་ནས་ཡོང་བའི་བདམས་ཐོན་པ་18མཐའ་བསྡུར་ནང་ཞུགས་པ་རེད། འགྲན་བསྡུར་བྱེད་རིང་བདམས་ཐོན་པས་བབ་བརླིང་ངང་འགྲན་བསྡུར་བྱས་ཤིང་། ཕུན་སུམ་ཚོགས་པའི་ཤེས་བྱ་དང་ལྷོད་ལ་བབས་པའི་སེམས་ཁམས་ལ་བརྟེན་ནས་དྲི་བ་མང་པོ་ཞིག་ལ་ལན་བརྒྱབ་པ་དང་། མཉམ་འགུལ་བྱེད་པའི་རྒྱུད་རིམ་ནང་ལྟད་མོ་བས་འཚང་ཁ་ཤིག་ཤིག་ངང་ལན་བརྒྱབ་པས་འགྲན་ར་ཡོངས་ཀྱི་རྣམ་པ་འཁྲུག་ཆ་དོད་ལ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།

    ད་ཐེངས་ཀྱི་འགྲན་བསྡུར་ནང་། འགྲན་ཞུགས་བདམས་ཐོན་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་ཕན་འབྲས་ལ་སྔར་བས་ཞིབ་དཔྱད་བྱས་ནས“འགྲན་སློབ་སྙེག་བརྒལ་དང་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་མ་གཏོང་བའི”སློབ་སྦྱོང་གི་རྣམ་པ་ཟབ་མོ་བཏོད་པ་རེད། འགྲན་བསྡུར་མཇུག་འགྲིལ་རྗེས། འགྲན་ཞུགས་བདམས་ཐོན་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་ཕྲའི་ཕན་འབྲས་དེ་ལས་ཀའི་ཕན་འབྲས་དངོས་སུ་བསྒྱུར་ནས། རྩྭ་མདའ་རྫོང་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།