དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-15

    2014ལོ། ③

    ★ ཟླ་9ཚེས་28ཉིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པའི་ཐོག་གསུང་བཤད་གནང་སྐབས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་པའི་ཕུགས་ཀྱི་རྩ་བ་ནི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་ཧུར་ཐག་བཅས་བྱེད་པ་དེ་རེད་ཅེས་གསུངས་པ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་ཀྱང་གནང་བ་རེད། ཟླ་10ཚེས་12ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

    ★ ཟླ་9པར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་དེ་ཀྲུང་གོ་དང་། དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུ། ཨ་རབ། སི་ཕེན། ཕོར་ཐིའུ་ཀལ། འཇར་མན། རི་པིན་སོགས་སྐད་རིགས་མང་པོའི་པར་ངོས་ཐོག་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད། 2018ལོའི་ཟླ་དང་པོར་བཟོ་བཅོས་བརྒྱབ་རྗེས་རྒྱལ་ཁབ་ཕྱི་ནང་དུ་བསྐྱར་དུ་འགྲེམས་སྤེལ་བྱས་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་ཞེས་པར་མིང་བསྒྱུར་བ་རེད། 2017ལོའི་ཟླ་11དང་2020ལོའི་ཟླ་6པར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པ་དང་དེབ་གསུམ་པ་སྔ་རྗེས་སུ་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།

    ★ ཟླ་10ཚེས་15ཉིན་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བ་བརྟན་པོ་འཛུགས་པ་དང་དངོས་འབྲེལ་མི་དམངས་ལྟེ་བར་བཟུང་ན་གཞི་ནས་རིག་རྩལ་གྱི་དྲང་ནུས་ཆེ་ཤོས་འདོན་སྤེལ་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད། 2015ལོའི་ཟླ་10ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་གིས《སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

    ★ ཟླ་10ཚེས་20ནས་23ཉིན་བར། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོར་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་རེད་ཅེས་བསྟན་ཡོད།

    ★ ཟླ་10ཚེས་30ནས་ཟླ་11ཚེས་2ཉིན་བར། དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་ཧྥུའུ་ཅན་ཀུའུ་ཐེན་དུ་འཚོགས་ཤིང་། ཟླ་10ཚེས་31ཉིན། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་གིས་བསམ་བློ་དང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་གནད་དོན་གལ་ཆེན་ལ་གསལ་འགྲེལ་གནང་བ་རེད། ཟླ་12ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་གིས《དུས་བབ་གསར་པའི་འོག་གི་དམག་དཔུང་གི་ཆབ་སྲིད་ལས་དོན་གྱི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས》བརྒྱུད་འགྲེམས་བྱས་པ་རེད།

    ★ ཟླ་11ཚེས་1ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག《རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་གཏན་འཁེལ་བྱེད་པའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་གཏན་འཁེལ་བྱས་པ་རེད།

    ★ ཟླ་11ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་ཞིང་ལས་འཕེལ་རྒྱས་དང་འཚམ་པའི་གཞི་ཁྱོན་གཉེར་སྐྱོང་ལ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། 2016ལོའི་ཟླ་10ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་ས་ཆའི་བདག་དབང་དང་འགན་གཙང་དང་གཉེར་སྐྱོང་དབང་ཆ་བཅས་ལོགས་འཛུགས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། “དབང་གསུམ་ལོགས་འཛུགས”ནི་ཁྱིམ་ཚང་གི་ཐོན་འབྲེལ་འགན་གཙང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་རྗེས་གྲོང་གསེབ་སྒྱུར་བཅོས་བྱེད་པའི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་རེད།

    ★ ཟླ་11ཚེས་11ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་22པ་པེ་ཅིང་དུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ནས། ཕན་ཚུན་ཡིད་ཆེས་དང་། བསྟུན་མཁས། མཉམ་ལས། གཉིས་ཁེ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རོགས་ཟླའི་འབྲེལ་བ་མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། ཚོགས་འདུའི་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་གཏོད་འགོ་འཛུགས་རྒྱུའི་གཏན་འཁེལ་བྱས་པ་རེད།

    ★ ཟླ་11ཚེས་17ཉིན་ཧྲང་ཧའེ་དང་ཤང་ཀང་གི་མ་རྐང་ཁྲོམ་རའི་ཉོ་ཚོང་མཉམ་སྦྲེལ་མཉམ་མཐུད་ལམ་སྲོལ“ཧྲང་ཧའེ་དང་ཤང་ཀང་མཉམ་མཐུད”དངོས་སུ་སྤྱོད་འགོ་ཚུགས་པ་རེད། 2016ལོའི་ཟླ་12དང་2017ལོའི་ཟླ་7པར“ཧྲེན་ཀང་མཉམ་མཐུད”དང“བུན་ལོར་ཀུན་རྒྱུགས”སོགས་སྔ་རྗེས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད།

    ★ ཟླ་11ཚེས་19ནས་21ཉིན་བར། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དང་པོ་ཀྲེ་ཅང་ཝུའུ་ཀྲེན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཝུའུ་ཀྲེན་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་གཏན་འཇགས་ཚོགས་ཡུལ་དུ་གཏན་འཁེལ་བྱས་པ་རེད། 2015ལོའི་ཟླ་12ཚེས་16ཉིན། ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་བཞེད་དོན་གཙོ་བའི་གཏམ་བཤད་གནང་སྟེ་དྲ་རྒྱའི་བར་མཐོངས་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱེད་སྒོའི་བར་མཐོངས་ཤིག་ཡིན་པས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་རྒྱུའི་འབོད་སྐུལ་གནང་བ་རེད།

    ★ ཟླ་11ཚེས་28དང་29ཉིན། ཀྲུང་དབྱང་གིས་ཕྱི་དོན་ལས་དོན་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གོར་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ཡོད་དགོས། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་བྱས་ཏེ་ཞི་བདེའི་འཕེལ་རྒྱས་མཐའ་འཁྱོངས་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཞི་བདེ་འཕེལ་རྒྱས་ཡོང་བར་སྔར་བས་ཕན་ཡོད་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྐྲུན་པ་དང་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྲུང་སྐྱོང་དང་མང་དུ་གཏོང་བ། “ལོ་བརྒྱ་གཉིས་པའི”འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཡོང་བར་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ★ ཟླ་12ཚེས་2ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་འཆར་འགོད》བཀྲམ་པ་རེད། 2015ལོའི་ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་བསྐུར་བ་བརྒྱུད་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཕྱི་འབྲེལ་པུའུ། ཚོང་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་མཉམ་བསྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་རེ་འདོད་དང་བྱ་སྤྱོད》ཁྱབ་བསྒྲགས་བྱས་པ་རེད།

    ★ ཟླ་12ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲོའུ་ཡུང་ཁང་ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུའི་ཐག་བཅད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཐོག་བློ་བརྟན་འགྱུར་མེད་ཀྱིས“སྟག་རྡུང”དང་། “སྦྲང་རྡུང”“ཝ་རྔོན”བཅས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་གིས་ཞིང་ཆེན་རིམ་པ་དང་ཅུན་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་གཞན་དག་བཅས་ཁྱོན་440ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱ་རྒྱུའི་ཆོག་མཆན་གནང་སྟེ། ཀྲོའུ་ཡུང་ཁང་དང་། པོ་ཤིས་ལའེ། ཀུའོ་པོ་ཞུང་། ཤུས་ཚའེ་ཧོའུ། སུན་ཀྲེང་ཚའེ། ལིང་ཅི་ཧྭ་བཅས་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གྱོད་གཞིར་རྩད་གཅོད་ནན་པོ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་མཇུག་འགྲིལ་བ་ནས་2020ལོའི་ལོ་མཇུག་བར་སྔ་རྗེས་སུ་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་146ལ་གྱོད་ཐོ་བཀོད་དེ་ཞིབ་བཤེར་བྱས་ཤིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ད་དུང་ཕྱོགས་ཡོངས་ནས་བརྟན་དུ་ཡང་ཕྱིན་ཡོད་པ་རེད།

    ★ ཟླ་12ཚེས་13དང་14ཉིན་ཞི་ཅིན་ཕིང་གིས་ཅང་སུའུ་རུ་ལས་དོན་བརྟག་ཞིབ་གནང་སྐབས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་རང་འགུལ་ངང་ཁོང་དུ་ཆུད་པ་དང་དེར་འཚམ་འཕྲོད་ཡོང་བར་བྱེད་དགོས་པ་མ་ཟད། ད་དུང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། 2015ལོའི་ཟླ་2ཚེས་2ཉིན། ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭར“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གོ་རིམ་ལྡན་པའི་ངང་རྒྱས་གླེང་གནང་བ་རེད།

    ★ ཟླ་12ཚེས་18ཉིན། ཀྲུང་གོའི་ནཱ་གྲང་མྱུར་བར་རྡུལ་འགྱུར་ཕུང་དང་པོ་སྟེ་ཀྲུང་གོའི་ཚོད་ལྟའི་མྱུར་ཕུང་ཐེངས་དང་པོར་ནུས་ཚད་ཧྲིལ་པོའི་སྒོ་ནས་ཆུ་ཚོད་72རིང་འཁོར་སྐྱོད་བརྟན་པོ་བྱུང་བ་དེ་ཐོག་ནས། རང་རྒྱལ་གྱིས་ཉིང་གློག་ལག་རྩལ་རབས་བཞི་པ་མྱུར་ཕུང་གི་ཇུས་འགོད་དང་། བཟོ་སྐྲུན། སྙོམས་སྒྲིག་འཁོར་སྐྱོད་སོགས་ལྟེ་བའི་ལག་རྩལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་མཚོན་ཡོད།

    ★ ཟླ་12ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་དབྱང་སྒྲིག་ཨུད་ཀྱི་མངགས་གཏོང་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། 2015ལོའི་ཟླ་11ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ལ་སྒྲིག་བཤེར་སྒྲིག་གཞི་མངགས་གཏོང་བྱ་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་སྐོར་གྱི་ཇུས་གཞི》བཀྲམ་ནས། ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཚང་མར་སྒྲིག་བཤེར་སྒྲིག་གཞི་མངགས་གཏོང་བྱས་པ་དང་། 2018ལོའི་ཟླ་10ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་མངགས་གཏོང་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

    ★ ཉིན་དེར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་ས་ཆ་བསྡུ་ལེན་དང་། མཉམ་སྡེབ་གཉེར་སྐྱོང་རྣམ་པའི་འཛུགས་སྐྲུན་སྤྱོད་ས་ཁྲོམ་རར་འདོན་པ། ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་བཅས་སྐོར་གྱི་བསམ་འཆར》བཀྲམ་པ་དང་། 2015ལོ་ནས་བཟུང་རྫོང(གྲོང་ཁྱེར་དང་ཆུས)33དུ་ཚོད་ལྟ་བྱེད་འགོ་ཚུགས་པ་རེད།

    (རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང)

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།