དབུ་ཤོག>ཆེད་སྒྲིག
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་འགག་རྩའི་ཚིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-13

    24.མཐའ་མཚམས་རྫོང་21གི་དཔལ་འབྱོར་སྤྱི་འབོར་དང་གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་མགྱོགས་པོ་བྱུང་བ།

    25.“རྨང་གཞི་གཉིས”བརྟན་ཏུ་གཏོང་རྒྱུ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ།

    26.“གཙོ་གནད་གཉིས”ལ་ཤུགས་རྒྱག་རྒྱུ་སྟེ། གྲོང་གསེབ་དར་རྒྱས་གཏོང་བར་ཤུགས་རྒྱག་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གོང་འཕེལ་གཏོང་བར་ཤུགས་རྒྱག་རྒྱུ།

    27.འབྲུ་རིགས་ཀྱི་ཐོན་འབོར་ཏུན་ཁྲི་110མངོན་འགྱུར་ཡོང་བ་དང་། གནས་འཕྲོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་1000ཡན་བསྐྲུན་ཐུབ་པ་བྱ་རྒྱུ།

    28.རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཡན་ཟིན་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཁག་སོ་སོར་ཆ་སྙོམས་8%དང་10%ཡན་འཕར་ཐུབ་པ་བྱ་རྒྱུ།

    29.“ལེགས་ཆ་གཉིས”འདོན་སྤེལ་བྱ་རྒྱུ་སྟེ། སྲིད་ཇུས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ།

    30.“གཏིང་ཤུགས་གཉིས”སྔོག་འདོན་བྱ་རྒྱུ་སྟེ། དྭངས་གཙང་ནུས་རྒྱུའི་གཏིང་ཤུཌ་དང་། གྲངས་འཛིན་དཔལ་འབྱོར་གྱི་གཏིང་ཤུགས་སྔོག་འདོན་བྱ་རྒྱུ།

    31.ནུས་རྒྱུ་གཙང་མ་ཕྱིར་འདྲེན་བྱེད་ཚད་ཆན་ཝ་ཁྲི་500ལས་བརྒལ་ཐུབ་པ་བྱ་རྒྱུ།

    32.གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་འཕར་ཐང་སྒོར་དུང་ཕྱུར་320ལས་བརྒལ་ཐུབ་པ་བྱ་རྒྱུ།

    33.“ཁྱད་ཆོས་གཉིས”སྟོབས་ཆེར་གཏོང་རྒྱུ་སྟེ། “ཡུལ་སྐོར+”སྟོབས་ཆེར་གཏོང་རྒྱུ་དང་། “འབྱུང་འཕྲོད+”སྟོབས་ཆེར་གཏོང་རྒྱུ།

    34.“འདེད་སྐུལ་གཉིས”ཤུགས་ཆེར་གཏོང་རྒྱུ་སྟེ། སྒྱུར་བཅོས་ཀྱི་འདེད་སྐུལ་ཤུགས་ཆེར་གཏོང་རྒྱུ་དང་། གསར་གཏོད་ཀྱི་འདེད་སྐུལ་ཤུགས་ཆེར་གཏོང་རྒྱུ།

    35.“སྒོ་མོ་གཉིས”རྒྱ་ཆེར་འབྱེད་རྒྱུ་སྟེ། ནང་ཁུལ་གྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ།

    36.ལོ་ལྟར་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500ཡན་བརྩོན་ལེན་ཐུབ་པ་བྱ་རྒྱུ།

    37.“སྲུང་བཅད་གཉིས”བརྟན་དུ་གཏོང་རྒྱུ་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ།

    38.“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་720གསར་སྣོན་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་འགན་ལེན་བྱ་རྒྱུ།

    39.འདི་ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་8%ཙམ་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%དང་10%ཙམ་འཕར་བ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ཙམ་ཚོད་འཛིན་ཐུབ་པ་བྱ་རྒྱུ་བཅས་སོ།

    40.“དོན་ཚན་38”དང“དོན་ཚན་29”མུ་མཐུད་ལག་བསྟར་བྱ་རྒྱུ། ཁྲལ་རིན་གཉིས་གཅོག་དང་། ཁང་གླ་ཆག་ཡང་དང་རྩ་ཆག དངུལ་བུན་ནར་འགྱངས། ཁེ་སྐྱོར་ལས་བརྟན། མཁོ་སྤྲོད་འགན་ལེན། རིན་གོང་བརྟན་པོ། དཀའ་སེལ་རྒུད་སྐྱོབ་སོགས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    41.རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་རྣམ་གྲངས་151གང་མགྱོགས་ལག་བསྟར་བྱ་རྒྱུ།

    42.སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་དངུལ་འབོར་10%ཡས་མས་འཕར་ཐུབ་པའི་བརྩོན་ལེན་བྱས་ནས། འཛད་སྤྱོད་གང་མགྱོགས་སླར་གསོ་ཡོང་བ་དང་མཁོ་འདོན་གཉིས་ཀ་འཁྲུག་ཆ་དོད་དུ་གཏོང་རྒྱུ།

    43.ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་75ཡན་ཟིན་པ་བྱ་རྒྱུ།

    44.གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་10%ཡན་ཟིན་པ་བྱ་རྒྱུ།

    45.ཡུལ་སྐོར་ཡོང་འབབ་ཁག་སོ་སོར་30%དང་25%ཡན་འཕར་ཐུབ་པ་བྱ་རྒྱུ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་15%ཡན་དང་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་10%ཡན་འཕར་ཐུབ་པ་བྱ་རྒྱུ།

    46. འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ནས་ལེ་ལག་ཚང་སྒྲིག་གི་སྡོད་ཁང་ཁྲི་2ལྷག་ཙམ་རྒྱག་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།