དབུ་ཤོག>ཆེད་སྒྲིག
  • བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་ཡག་པོ་སྐྱོད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2023-02-13

    “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་སྐྱོད་ཐུབ་པ་དང་བརྟན་པོ་སྐྱོད་ཐུབ་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ལམ་བུ་ཡང་དག་ཉག་གཅིག་རེད” ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་གལ་ཆེའི་དོན་སྙིང་གསལ་བཤད་གཏིང་ཟབ་གནང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གོ་དོན་གསལ་སྟོན་གཏིང་ཟབ་གནང་བ་ལས་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡང་དག་ལོན་པར་བྱེད་པ་དང་སྐུལ་འདེད་ཤུགས་ཆེན་གཏོང་བར་བསམ་བློ་དང་བྱ་སྤྱོད་ཀྱི་སྟོབས་ཤུགས་ཆེན་པོ་བསྣན་ཡོད། དེས་ན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཡིད་ཆེས་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ། བསམ་བློ་ཕྱོགས་གཅིག་ལ་གཏོང་བ། ཤུགས་ཕྱོགས་གཅིག་ཏུ་རྒྱག་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལམ་བུ་ཡང་དག་ཉག་གཅིག་དེའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བཀྲ་ཤིས་ཀྱིས“ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལོན་པར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས། འགོ་ཚུགས་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཚན་རིག་གི་ནང་དོན་དེ་སློབ་གསོའི་ཁྲོད་དུ་སྤེལ་རྒྱུའི་འགོད་སྤེལ་ཟུག་གསུམ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དང་ཆབས་ཅིག རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་དག་དཔེ་ཁྲིད་མི་སྐྱོང་གི་སློབ་ཁྲིད་ཐོན་ཁུངས་སུ་དུས་ཐོག་དང་ནུས་ལྡན་ངང་བསྒྱུར་ཏེ། ཆུ་ཚད་མཐོ་བའི་ཚན་ཞིབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཐུབ་པ་དངོས་འབྲེལ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་སྔར་འབྱུང་མ་མྱོང་བའི་གསར་འབྱེད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་ཞེས་བསྟན་གནང་ཡོད” ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་བདེ་དགའ་དབང་མོས“ང་ཚོའི་ཕྲག་ཐོག་གི་འགན་འཁྲི་གལ་ཆེ་བ་དང་ལས་འགན་གཟི་བརྗིད་ལྡན། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལམ་བུ་ཡང་དག་ཉག་གཅིག་དེའི་ཐོག་སྐྱོད་པ་དང་། རང་འཁྲིའི་ལས་དོན་ལ་གཞི་ཚུགས་པ་དང་དཔའ་ཤོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ‘དོན་ཆེན་བཞིར’དམིགས་པ་དང‘འཛུགས་གཏོད་བཞིར’ཤུགས་གཙོ་བོ་རྒྱག་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་དཔའ་ཤོད་རྫོང་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཀྱི་ཡིན”ཞེས་བཤད་པ་རེད།

    བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཝང་ཤང་ཐའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཀའ་ངལ་ལ་མ་འཛེམས་པའི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་འགྲོ་ངེས་དང་། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཐུབ་ངེས་རེད། ན་གཞོན་དགེ་རྒན་ཞིག་ཡིན་པའི་རང་ཉིད་ལ་འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཟབ་མོ་ཡོང་གི་འདུག སླད་ཕྱིན་སློབ་ཁྲིད་ལས་དོན་ཁྲོད་ངས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དང་། ཚན་ཞིབ་ལས་དོན་ཁྲོད་ངས་རང་ཉིད་ཀྱི་ཞིབ་འཇུག་རྨང་གཞི་དང་ཟུང་འབྲེལ་བྱས་ཏེ་རི་སྐྱེས་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་བྱེད་པའི་ཐོག་ས་གནས་དེ་གའི་སྤུས་ལེགས་ཕྱུགས་རྩྭའི་ས་བོན་བསྣན་ནས། ཞིབ་འཇུག་བརྒྱུད་ཞན་འགྱུར་རྩྭ་ཐང་གི་ས་རྒྱུའི་སོན་ཁུངས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་། རྩྭ་ཐང་གི་ཐོན་སྐྱེད་དང་སྐྱེ་ཁམས་ནུས་པ་ཆེ་རུ་བཏང་ནས་མཚོ་བོད་ས་མཐོའི་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་འཛུགས་སྐྱོང་ཆེད་ལེགས་སྐྱེས་འབུལ་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    “ཏང་གི་ཚོགས་ཆེན་ཉི་ཤུ་པས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་ལ་ཐབས་ལམ་གསར་པ་གསལ་སྟོན་དང་བྱེད་ཐབས་གསར་པ་མཁོ་འདོན་བྱས་ཡོད” བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཙེང་ཡན་གྱིས“ཡུན་རིང་བོད་ཀྱི་མཐོ་སློབ་ཏུ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་མཁན་ལས་དོན་པ་ཞིག་ཡིན་པའི་ངས། ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་དང་འཆད་འགྲེལ་གྱི་འགན་འཁྲི་དང་ལས་འགན་འཁུར་བ་དང་དངོས་ཡོད་གནད་དོན་ལ་དམིགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། ཁོང་དུ་ཆུད་པ། གོ་བ་གཏིང་ཟབ་ལོན་པ་བཅས་བྱེད་པ་དང་། གཞུང་འཁྱོངས་གསར་འབྱེད་དང་། མཉམ་སྦྱོང་མཉམ་ཞིབ། མཉམ་སྐུལ་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་དེ་བྱ་ཐབས་དང་། བྱ་སྤྱོད། ཀུན་སྤྱོད་བཅས་སུ་འགྱུར་བ་བྱེད་པ། དཔེ་ཁྲིད་མི་སྐྱོང་གཅིག་གྱུར་ཡོང་བར་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།