ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། མངའ་རིས་ས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཕྱོགས་ཡོངས་གསུམ”དང“ཁོང་དུ་བརྟན་པོར་ཆུད་པ་ལྔའི”མཛུབ་སྟོན་གྱི་བླང་བྱ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱེད་དགོས་པའི་སྐོར་གྱི་ལྗོངས་ཏང་ཨུད་དང་མངའ་རིས་ས་ཨུད་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་པ་དང་ལས་ཀའི་དོན་དངོས་ལ་གཞི་ཚུགས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མངའ་རིས་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་ཆེད་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཁོང་དུ་ཆུད་པ། དོན་འཁྱོལ་བཅས་བྱེད་ཆེད། མངའ་རིས་ས་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གོམ་སྟབས་ལ་དམ་པོར་བསྙེགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་ཐོན་པར་མུ་མཐུད་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཆེད་དོན་སློབ་སྦྱོང་ཐེངས་127བྱས་པ་དང་། མི་ཐེངས་381སྤེལ་རེས་དང་ཞིབ་བསྡུར་ལ་ཞུགས་པ། སློབ་གསོ་ཐེབས་མཁན་མི་ཐེངས་2427ཟིན་ཡོད། མངའ་རིས་ས་ཁུལ་གྱི་ཚན་པ་ཁག་གིས་སྡེ་ཚན་དེ་ག་དང་ལས་གནས་དེ་གའི་ལས་ཀའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”སོགས་གཞི་རྟེན་དུ་བྱས་ཏེ་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་བྱས་ཤིང་། མིག་སྔའི་བར། ཆེད་དོན་སློབ་སྦྱོང་ཐེངས་2400ལྷག་ཙམ་བྱས་པ་དང་སློབ་སྦྱོང་གི་དཔྱད་ཡིག་3000ལྷག་ཙམ་སྤྲད་པ་རེད། མངའ་རིས་ས་ཁུལ་གྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་མཉམ་འགུལ་ཚད་ལེན་ཚོད་ལྟའི་དྲི་བ་100”ཡི་ལན་འདེབས་བྱེད་སྒོ་སྤེལ་བ་དང་དྲ་ཐོག་གི་རིགས་པའི་གཞུང་ལུགས་ཀྱི་ཚད་ལེན་ཚོད་ལྟར་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པ་རེད། དེ་དང་ཆབས་ཅིག་དྲ་ཐོག་དང་དྲ་ཕྱིའི་ལས་སྟེགས་སྣ་ཚོགས་སྤྱད་དེ་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཕྱོགས་བསྡུས་བཅས་ཀྱི་རྣམ་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་འགག་རྩའི་ཚིག་དང་ཐོན་མང་བའི་ཚིག་སྟོན་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)182སུ་སློབ་སྦྱོང་ལྡུམ་ར་གསར་དུ་བཏོད་པ། སྐད་འཕྲིན་གྱི་སྤྱི་རྟགས་དང་“ཁྱུག་དབྱིངས”སོགས་ཀྱི་ལས་སྟེགས་སུ་སློབ་སྦྱོང་གི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ལྟ་སྦྱོང་སྤྱོད་གསུམ་བྱེད་པར་བཅས་ལ་ཁྲིད་སྟོན་བྱས་ཡོད།
མངའ་རིས་ས་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ནས། ས་ཁུལ་དེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡོངས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དཔེ་ཀློག་འཛིན་གྲྭ་བཙུགས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་བྱས་ཏེ། གཏན་འབེབས་ཀྱི་བྱ་སྤྱོད་སྤེལ་སྟངས་མི་འགྱུར་བ་དང་རང་འདེམས་བྱེད་སྟངས་གསར་གཏོད་ཐུབ་པའི་འགན་ལེན་ཏན་ཏིག་བྱས་པས། རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གདེང་འཇོག་བཟང་པོ་ཐོབ་པ་རེད།
ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་སྒྲོག་འགྲེལ་ཡག་པོ་བྱེད་པར། ཕྱོགས་ཡོངས་ལ་ཁྱབ་དགོས་ལ་མང་ཚོགས་དང་འབྲེལ་འདྲིས་ཀྱང་བྱེད་དགོས། མངའ་རིས་ས་ཁུལ་གྱིས་ལས་རིགས་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་ཀྱི་ཁྱད་པར་རང་བཞིན་དང་དམིགས་བསལ་རང་བཞིན་ལ་གཞིགས་ནས་གཙོ་གནད་ལས་རིགས་ཀྱི་ཚོགས་སྤྱིའི་ཁྱད་ཆོས་མི་འདྲ་བ་དང་ཟུང་འབྲེལ་གྱིས་དམིགས་གཏད་ཅན་དང་། ཁག་བགོས་ཅན། མཉམ་འགུལ་ཅན་བཅས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་རྒྱ་ཁྱབ་ངང་བྱས་པ་རེད། ལས་བྱེད་པ་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྒྲོག་འགྲེལ་དང་། རིམ་ཁག་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་སྒྲོག་འགྲེལ། སྡེ་ཚན་དང་ལས་རིགས་ཀྱིས་རིགས་དབྱེ་སྒྲོག་འགྲེལ། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་སྒྲོག་འགྲེལ་གཏིང་ཟབ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིས་སྙིང་ཉེ་བའི་སྒྲོག་འགྲེལ། རིག་རྩལ་ལས་དོན་པས་གསོན་ཉམས་ལྡན་པའི་སྒྲོག་འགྲེལ། ཏང་ཡོན་དང་དང་བླངས་པས་སྟབས་བསྟུན་སྒྲོག་འགྲེལ་བཅས་སྒྲོག་འགྲེལ་རུ་ཁག་7བཙུགས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ནས་ཆེད་དོན་སྙན་ཞུ་དང་། སྤེལ་རེས་དང་སྙིང་གཏམ་ཤོད་རེས་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་སྒྲོག་འགྲེལ་བྱེད་སྟངས་དང་། གོ་བདེ་ལ་ཤེས་སླ་བའི་སྐད་ཆ། གསོན་ཉམས་དོད་པའི་གཏམ་རྒྱུད་བཅས་ཕྱོགས་བསྡུས་སུ་སྤྱད་དེ་དྲ་ཐོག་དང་དྲ་ཕྱི་ནས“མང་ཚོགས་དང་འབྲེལ་གཏུག་དང་། ཚ་རླབས་འཕྱུར་བ། གསོན་ཤུགས་ལྡན་པ”བཅས་ཀྱི་གཅིག་སྡུད་སྒྲོག་འགྲེལ་བྱས་ཤིང་། མིག་སྔའི་བར་སྒྲོག་འགྲེལ་སྣ་ཚོགས་ཁྱོན་2801བྱས་པར་སློབ་གསོ་ཐེབས་མཁན་མི་ཐེངས་122772ཟིན་ཡོད་པ་རེད།
བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་འཕེལ་བར་བྱས་ཤིང་། གཏིང་ཟབ་པའི་སྒྲོག་འགྲེལ་བྱེད་ཐེངས་རེ་རེ་དང་གསོན་ཉམས་དོད་པའི་སྒྲོག་འགྲེལ་ཐེངས་རེ་རེ་ལས་མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཏེ་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།