དབུ་ཤོག>ཆེད་སྒྲིག
  • “ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར”གྱི་ཆེད་དོན་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-31

    ཉེ་ཆར། སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་སྣེའུ་ཁྲོམ་གཞུང་གིས“ལག་ལེན་ནུས་ལྡན་གྱིས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད”ཅེས་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་པའི་ལྟ་བ་གསར་པ་དང་། ཆོད་སྡོམ་གསར་པ། དགོངས་པ་གསར་པ་བཅས་གནད་ལ་འཁེལ་པོས་ཤེས་རྟོཌ་དང་ཁོང་དུ་ཆུད་པར་བྱས་པ་རེད།

    སྒྲོག་འགྲེལ་བྱེད་རིང་། “ལག་ལེན་ནུས་ལྡན་གྱིས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་ལ་ངོས་འཛིན་གང་ལེགས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་པ། ལས་དོན་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བཅས་ཕྱོཌ་གསུམ་ལ་དམིཌ་ནས་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་མཇུག་འགྲིལ་རྗེས། སྣེའུ་ཁྲོམ་གཞུང་ཏང་ཨུད་ལས་དོན་ཨུ་ལྷན་ཚན་ཁག་གི་བློ་མཐུན་4ཡིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་རེད།

    སྣེའུ་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བཟུང་སྟེ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་གཏན་གྱི་ལས་ཀ་དང་མཉམ་འདྲེས་ཀྱིས་བསམ་བློའི་ཐད་མཐོང་ཆེན་པོ་དང་། བྱ་སྤྱོད་ཐད་བློ་རྩ་བརྟན་ཞིང་རང་རྟོགས། ལས་དོན་ཐད་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་པ། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་ཚོཌ་ཆེན་ཉི་ཤུ་པའི་དགོངས་དོན་སྣེའུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་དངོས་སུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།