དབུ་ཤོག>ཆེད་སྒྲིག
  • ཧྲེན་ཀྲེན་དུ་བོད་ཀྱི་ངོ་མཚར་ཆེ་བའི་ཉམས་སྣང་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-21

    ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་ཚོང་འདུས་སྐབས་བཅོ་བརྒྱད་པ(གཤམ་དུ་རིག་རྫས་འགྲེམས་ཚོགས་ཞེས་བསྡུ་རྒྱུ)2022ལོའི་ཟླ་12ཚེས་28ཉིན་ནས་2023ལོའི་ཟླ་1ཚེས་2ཉིན་བར་ཧྲེན་ཀྲེན་དུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཤིག་བསྐྲུན་ཡོད།

    བོད་ཀྱི་འཐུས་མི་ཚོགས་པ་རིག་རྫས་འགྲེམས་ཚོགས་སྐབས་17ལ་བསྟུད་མར་ཞུགས་མྱོང་བ་དང་། རིག་རྫས་འགྲེམས་ཚོགས་ཀྱི “ཀྲུང་གོའི་རིག་གནས་ཐོན་ལས་ཀྱི་འགྲེམས་ཚོགས་དང་པོའི”དྲིལ་བསྒྲགས་འགྲེམས་སྟོན་དང་ཉོ་ཚོང་སྤེལ་རེས་ཀྱི་ལས་སྟེགས་ལ་བརྟེན་ནས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་གངས་ལྗོངས་ས་མཐོའི་ངར་སེམས་བརྒྱུད་སྤེལ་བྱས་ཡོད།

    རང་ལྗོངས་ཀྱི་འཐུས་མི་ཚོགས་པས་རིག་གནས་ཁེ་ལས་དང་བྱ་གཞག་ཚན་པ་28དང་གྲགས་ཅན་སྤུས་རྟགས་ཡིན་པའི་རིག་གནས་ཁེ་ལས་ཀྱི་འཐུས་མིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཁ་ཁྲི་ཙམ་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་ཁྱེར་ཏེ་སྐབས་འདིའི་རིག་རྫས་འགྲེམས་ཚོགས་སུ་འགྲེམས་སྟོན་བྱས་ཡོད། འགྲེམས་ཚོགས་ལ་བཞུགས་པ་བརྒྱུད། སྤུན་ཟླའི་ཞིང་ཆེན་གྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ལྗོངས་ཀྱི་རིག་གནས་ཐོན་ཁུངས་ཁུལ་ཆེན་པོ་ནས་རིག་གནས་འཕེལ་རྒྱས་ཁུལ་སྟོབས་ཆེན་བསྒྱུར་བར་སྐུལ་འདེད་གཏོང་བའི་རིག་གནས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་རང་རྟོགས་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།