དབུ་ཤོག>ཆེད་སྒྲིག
  • “ཞབས་འདེགས་ཆུང་ངུ”ཞུས་ནས་མང་ཚོགས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2023-01-17

    2022ལོར་རང་ལྗོངས་ཀྱི་སྤྱི་ཚོཌ་བདེ་འཇགས་ཀྱི་དུས་བབ་མུ་མཐུད་ལེཌ་སུ་ཕྱིན་ཞིང་། ད་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་མང་ཚོགས་ཀྱི་བདེ་འཇཌ་ཚོར་སྣང་དང་བློ་ཡིད་ཚིམ་ཚད་98%ཡན་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བསྟན་ཡོད།

    ད་ཆ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལྗོངས་ཡོངས་ཀྱི་ཁྲོམ་གཞུང་དང་སྲང་ལམ་གང་སར་ཁྱབ་ཅིང་། བོད་ཀྱི་བདེ་འཇགས་གནས་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་600ལྷག་ཙམ་ནི་སྒྲོན་མེ་600ལྷག་ཙམ་དང་འདྲ་བར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དུས་བདེ་སྲུང་བཞིན་ཡོད།

    2022ལོའི་ཟླ་4པར། སྤུ་ཧྲེང་རྫོང་ཁོངས་གཏོགས་ཀྱི་ཁོར་ཡུག་གད་པ་ཤེས་ཆེ་གེ་མོས་མི་དམངས་ཉེན་རྟོག་པས་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞེས་བྲིས་པའི་གོས་དར་ཞིག་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་བསྐྱལ་ནས་མི་དམངས་ཉེན་རྟོག་པས་ཁོང་ལ་གྱོང་གུན་སྒོར་5000ལྷག་ཙམ་ཕོག་ཏུ་མ་བཅུག་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    འདི་ལྟ་བུའི་དྲོ་སྐྱིད་ལྡན་པའི་བྱ་བ་ལྗོངས་ཡོངས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཚང་མར་ཡང་སེ་མཐོང་རྒྱུ་ཡོད། དཀའ་ངལ་འཕྲད་ཚེ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་སྐྱོད་ཅེས་པའི་ཡིག་འབྲུ་ཁ་ཤས་ལས་མང་ཚོགས་ཀྱིས་མི་དམངས་ཉེན་རྟོག་པར་ཡིད་ཆེས་དང་། བསྔགས་བརྗོད། ཁས་ལེན་བཅས་བྱེད་པ་མཚོན་གྱི་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་དང་རིམ་པ་དང་པོའི་ཉེན་རྟོག་དཔོན་ཀན་ཡུན་གྱིས“དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་མང་ཚོགས་ལ་ཐད་ཀར་ཕྱོགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྟོབས་ཤུགས་གཙོ་བོ་ཞིག་རེད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་སླད་ཕྱིན་ལོ་5ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པས་ཆབ་སྲིད་ཀྱི་ངེས་ཤུགས་མུ་མཐུད་རྒྱུན་འཁྱོངས་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གདོང་ལེན་ཧུར་ཐག མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་སེལ་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་པའི་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།