དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་བདམས་པ། ཀྲུང་དབྱང་གིས་མིང་འདོན་གནང་བའི་འཐུས་མིའི་འོས་མི་བློ་མཐུན་ཀྲང་གོ་ཆིང་སོགས་བདམས་པ། བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསར་པའི་ས་གནས་ཀྱི་རྒྱལ་ཁབ་སྒྲིག་གཞིའི་འགོ་ཁྲིད་མི་སྣ་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-17

    བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ།

    ཡན་ཅིན་ཧའེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིར་བདམས་པ།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་འཁུར་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་བྱེད་ཐབས་ལ་བརྟེན་ནས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། དྲུང་ཆེ། ཨུ་ཡོན་བཅས་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བཅས་བདམས་པ་རེད།

    ད་རེས་ཀྱི་ཚོགས་འདུར་ཕེབས་དགོས་པའི་འཐུས་མི་437དང་དངོས་སུ་ཕེབས་པ413ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

    ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ཞིང་། བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་བཅས་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།

    ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་ཡོད། 

    ཚོགས་འདུས་དང་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། འཐུས་མི་24ལས་གྲུབ་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། དེ་རྗེས་འདེམས་བསྐོ་དངོས་སུ་བྱེད་འགོ་ཚུགས་ཤིང་། འཐུས་མི་ཚོས་ནན་ཏན་གྱིས་འདེམས་ཤོག་བརྒྱངས་ཚར་རྗེས་རིམ་པས་དམིགས་འཛུགས་བྱས་པའི་འདེམས་སྒམ་ནང་གཟབ་ནན་གྱིས་འདེམས་ཤོག་འཕེན་པ་དང་། འདེམས་ཤོག་འཕངས་རྗེས་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་འདེམས་སྒམ་ཁ་ཕྱེ་ནས་འདེམས་ཤོག་བཏོན་ཏེ་འདེམས་ཤོག་རྩིས་རྒྱག་ལས་དོན་པས་ཕྱིར་བསྡུས་པའི་འདེམས་ཤོག་ལ་ཞིབ་བཤེར་དང་ཞིབ་བསྡུར་བྱས་པ་རེད། འདེམས་ཤོག་རྩིས་རྒྱག་བྱས་འབྲས་ལ་གཞིགས་ནས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲེང་གིས་འདེམས་བསྐོ་གོ་ཆོད་པའི་ཁྱབ་བསྒྲགས་གནང་བ་རེད།

    ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་24དང་། ཀྲུང་དབྱང་གིས་མིང་འདོན་གནང་བའི་འཐུས་མིའི་འོས་མི་བློ་མཐུན་ཀྲང་གོ་ཆིང་སོགས་བདམས་པ་རེད། འདེམས་བསྐོ་བྱས་འབྲས་དེ་གཏན་འབེབས་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་རྗེས་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།

    བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་དང་། བསྟན་ཁོ་དང་། རྒྱལ་མཚན། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཝང་ཅུན། ཀྲང་ཡན་ཆིང་། ཞུས་ཁྲེང་ཚང་། འཇམ་དཔལ། ཐང་མིང་དབྱིན། ལིའུ་པོ་ཁྲེང་། ལི་ཝུན་ཀེ། སུན་ཤན་ཀྲུང་བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་པ། ལིའུ་ཀོང་ཤུས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་པ། མི་57བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་རེད།

    ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིར་བདམས་པ་དང་། ཁྲེན་ཡུང་ཆི། རེན་ཝེ། ཤའོ་ཡིའུ་ཚའེ། ལྕགས་རྭ་བློ་བཟང་བསྟན་འཛིན། ལུའོ་མེ། ཀྲང་ཧུང་པོ། ཝང་ཡུང་། ལང་ཧྥུ་ཁོན། བསོད་ནམས་ཉི་མ། ཝེ་ཞིའུ་ཁྲང་། ཞུས་ཀྲི་ཐའོ། ཀུང་ཧུའེ་ཚའེ། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།

    ཝང་ཝུའེ་ཏུང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་རེད།

    ཚེ་བརྟན་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་པ་རེད།

    ཤཱ་ཁེ་ཆིན་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལ་བདམས་པ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་གནང་བར་འབུལ་རྒྱུ་ཡིན་པ་རེད།

    ཚོགས་འདུས་ད་དུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མཚན་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་བྱས་རྗེས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།