དབུ་ཤོག>ཆེད་སྒྲིག
  • སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཀུན་སེམས་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-16

    དུས་ཚོད་ཀྱིས་བརྗིད་ཆགས་ལེའའུ་གསར་བརྩམས། ལོ་རྒྱུས་ཀྱིས་རྣམ་པ་གསར་རྐྱང་བཏོད། དམངས་གཙོ་དང་། ཞི་མཐུན། མཐུན་སྒྲིལ། ཡར་བརྩོན་བཅས་ལྡན་པའི་རྣམ་པའི་ཁྲོད་དུ་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བ་དང་། འགན་འཁྲི་ལྕི་པོར་ངོ་གནོང་མི་དགོས་པར་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

    འདི་ནི་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”བརྟན་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་བླ་སྲོག་མཐའ་འཁྱོངས་གཏོད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། དཔལ་འབྱོར་ལས་དོན་ཚོགས་འདུ། སྔར་བས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཁག་བཅས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། རང་འགུལ་ངང་ཐེག་པ་ཁུར་ལེན་དང་ནན་ཏན་ངང་རང་འགན་གཙང་སྒྲུབ་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་འདི། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་སྐུལ་སློང་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་པ་དང་ཚད་བརྒལ་གསར་པ་ཡོང་བ་བཅས་ཀྱི་ངོས་ནས་བརྗོད་ན་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། འདིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཀུན་སེམས་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

    འདི་ནི་སེམས་ནུས་གཅིག་སྒྲིལ་དང་འཕེལ་རྒྱས་མཉམ་གཉེར་གྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ཨུ་ཡོན་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ནས་གྲོས་བསྡུར་ལའང་ཞུགས་པ། མཇུག་འགྲིལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་བློ་མཐུན་མཇུག་འགྲིལ་ཚོགས་འདུར་ཞུགས་པ་དང་། རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ནས་གྲོས་བསྡུར་ལ་ཞུགས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་བཅས་ལས། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་པ་དང་། ལྗོངས་ཏང་ཨུད་ཀྱིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་དམངས་ཀྱི་འདོད་འདུན་གསན་པའི་དམངས་གཙོའི་སྤྱོད་ཚུལ་དང་། གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་མིག་དཔེའི་ནུས་པ་གང་ལེགས་མཚོན་གྱི་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་བཅངས་ཁར། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ། གྲོས་མོལ་གང་ལེགས་དང་། ཟོལ་མེད་གྲོས་འདོན། ངོས་འཛིན་གཅིག་སྒྲིལ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་དམིགས་བསལ་ལེགས་ཆ་དང་གསོན་ཤུགས་ཆེན་པོ་གསོན་ཉམས་དོད་པོས་མངོན་པར་བྱས་པ་དང་། སྲིད་གྲོས་ཨུ་ཡོན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”ལ་བཅངས་པའི་འགན་འཁྲི་སྒྲུབ་སེམས་དང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར། དམངས་ཆེད་འགན་སྒྲུབ་ཀྱི་འགན་འཁྲི་འཁུར་ཕོད་བཅས་གང་ལེགས་མངོན་པར་བྱས་ཡོད།

    འདི་ནི་རྒྱལ་ཁ་དང་། དམངས་གཙོ། ངར་སློང་། མཐུན་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་རེད། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་ཡིན་ནའང་འདྲ། ཡང་ན“དོན་ཆེན་བཞིར”དམིགས་ནས་གྲོས་འགོ་ཡག་པོ་འདོན་པ་དང་། ཐབས་ཇུས་བཟང་པོ་འདོན་པ། ཇུས་དངོས་གནད་འཁེལ་འདོན་པ་བཅས་དང་། ལངས་ཕྱོགས་བརྟན་པོས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་གཏོང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་བསམ་གཞིག་གཏིང་ཟབ་བཅས་ཡིན་ནའང་འདྲ། ཡང་ན་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་ཤུགས་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་བློ་བསྡུས་དགེ་འཚོལ། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱེད་པའི་དཔྱད་བསྡུར་གཏིང་ཟབ་ཡིན་ནའང་འདྲ། ཡང་ན་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་མྱོང་ཚོར་ངོ་མ་བཅས་གང་ཡིན་རུང་། གང་ལྟར་ཨུ་ཡོན་རྣམ་པས་དངོས་སྒྲུབ་ཀྱིས་ཉམས་མྱོང་ལ་ཕྱོགས་སྡོམ་དང་ཚན་རིག་དང་མཐུན་པའི་འབྱུང་འགྱུར་ཇུས་འགོད་གནང་སྟེ། བརྗོད་དོན་གཙོ་བོར་དམིགས་པ་དང་། བརྟག་ཞིབ་ཏན་ཏིག ནང་དོན་ཞིབ་ཕྲ་བཅས་ཀྱི་གྲོས་གཞི་དང་། གྲོས་འགོ བསམ་འཆར་བཅས་བཏོན་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་འགོད་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

    མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་འགོ་འཛུགས་པའི་འགག་རྩའི་དུས་སྐབས་ཤིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པས་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་དུང་བརྡ་བཏང་ཡོད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བཏོན་གནང་བའི་བོད་ཀྱི་ལས་དོན་གྱི་སྤྱིའི་དམིགས་ཚད་དང“དོན་ཆེན་བཞི”དང“འགན་ལེན་བཞིའི”གཙོ་གནད་ལས་འགན་རྣམས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”རྣམ་གྲངས་ཅན་དང་། ཞིབ་ཕྲ་ཅན། གཞི་རྟེན་ཅན་བཅས་སུ་བསྒྱུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱ་གཞི་ཞིབ་ཕྲ་མཁོ་འདོན་བྱས་ཡོད། དམིགས་ཚད་ཇི་ཙམ་ཆེ་བ་དང་ལས་འགན་ཇི་ཙམ་ལྕི་ན་དེ་ཙམ་གྱིས་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཡོང་བར་བྱེད་དགོས་ཤིང་། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་སྐུལ་སློང་ཐུབ་པའི་མཐུན་རྐྱེན་མཐའ་དག་ལ་སྐུལ་སློང་བྱས་ཏེ། བསམ་པ་གཅིག་གཏད་དང་ངར་ཤུགས་གཅིག་སྒྲིམ་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། སྲིད་གྲོས་སྐབས་གསར་པའི་འགོ་ཁྲིད་ཚན་པ་དང་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་སྤྱི་འདོམས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པ། བདག་པོའི་ཉམས་འགྱུར་བཅངས་ནས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་དང་ལེན། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། རང་འགན་ནན་གྱིས་སྒྲུབ་པ། མ་འོངས་པར་བློ་ཁ་ཕྱོགས་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ལེའུ་གསར་རྩོམ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས།

    དུས་ཚོད་ནི་དཔའ་མཛངས་རྟུལ་ཕོད་ཅན་ལ་དབང་བ་དང་ལོ་རྒྱུས་ནི་དཔའ་མཛངས་རྟུལ་ཕོད་ཅན་ལ་དབང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།