འདི་ལོ་ནི་བོད་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་བརྗེའི་ལོ་ཡིན་པས། འཐུས་མི་དང་ཨུ་ཡོན་ཁྲོད་གཞོན་སྐྱེས་མི་ཉུང་བ་ཞིག་ཐོན་ཡོད། བདེ་ཆེན་གཡུ་སྒྲོན་ཡང་དེའི་ཁྲོད་ཀྱི་གྲས་ཤིག་ཡིན་པ་དང་། ཁོང་ནི་ལྷ་ས་ཧའེ་ཏེའོ་མཐོང་ཚོར་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི་འཛུགས་མཁན་རེད།
བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་གསར་པའི་ཨུ་ཡོན་གནང་རྗེས་བདེ་ཆེན་གཡུ་སྒྲོན་གྱིས་རང་ཉིད་ཀྱི་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་འཁུར་ཡོད་པ་མཁྱེན་ཞིང་། “ཕྱིས་སུ་ལས་སྟེགས་དེ་བས་མཐོ་བ་དང་དེ་བས་ཆེ་བའི་ཐོག་ནས་ཉམས་ཞན་ཚོགས་སྤྱི་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཆེད་དུ་གྲོས་འགོ་འདོན་རྒྱུ་མ་ཟད། སྤྱི་ཚོགས་ལ་ཞབས་འདེགས་དེ་བས་མང་བ་ཞུ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།
ན་ནིང་བདེ་ཆེན་གཡུ་སྒྲོན་དང་ཁོང་གི་ཚོགས་པའི་ཁོངས་མི་ཕྱོགས་གསུམ་པ་ཡིན་པའི་ངོས་ནས་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་ལས་དོན་ས་ཚིགས་12ཀྱི་འཛུགས་སྐྲུན་ལས་དོན་ལ་ཞུགས་ཡོད། དུད་ཚང་དུ་བཅར་འདྲི་གནང་ནས་དཀའ་ངལ་འཕྲད་པའི་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་གནང་བ་མ་ཟད། གྲངས་གཞིའི་མ་ལག་བརྒྱུད་མང་ཚོགས་དེ་དག་གི་གནས་ཚུལ་འགྱུར་ལྡོག་དུས་ཐོག་ཏུ་ཤེས་རྟོགས་ཀྱང་གནང་ཡོད། ཁོང་གིས“མང་ཚོགས་དེ་དག་ལ་ཕན་འབྲས་དེ་བས་ཆེ་བའི་སྒོ་ནས་ལྟ་ཞིབ་དང་རྗེས་སྙེགས་བྱས་ནས་ཁོང་ཚོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་པ་བྱས་ཏེ་ཕན་འབྲས་དངོས་ཐོན་པ་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།
“དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཁྱིམ་ཚང་གི་སློབ་གསོའི་ཐད་ནས་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་བྱས་ཏེ་ཁོང་ཚོ་གསོ་སྐྱོང་པ་ཡག་པོ་ཞིག་ལ་འགྱུར་བ་དང་ཁོང་ཚོའི་བུ་ཕྲུག་ཚོར་དེ་བས་ལེགས་པའི་སློབ་གསོ་ཐོབ་པ་བྱེད་ཀྱི་ཡིན”ཞེས་ལས་ཀར་ཞུཌ་ཚུན་ཁྱབ་ཁོངས་མང་པོར་ཞུཌ་པའི་བདེ་ཆེན་གཡུ་སྒྲོན་གྱིས་སྔར་བཞིན་རེ་བ་ཆེན་པོ་བྱེད།
2015ལོ་ནས་བཟུང་བདེ་ཆེན་གཡུ་སྒྲོན་དང་ཁོང་གི་ཚོཌ་པས་བོད་ཀྱི་སྤྱི་ཕན་བྱ་གཞག་ལ་གཞོལ་ཡོད། ཁོང་གིས“སྔོན་གྱི་ལོ་ཁ་ཤས་ནང་ང་ཚོའི་ལས་ཀའི་གཙོ་གནད་དེ་སྤྱི་དམངས་ཀྱིས་སྤྱི་ཕན་དང་སྤྱི་ཚོགས་ལས་དོན་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བའམ་ཡང་ན་སློབ་གསོ་གསར་གཏོད་ལ་ཤེས་རྟོགས་ཐུབ་ཚད་དང་ཁས་ལེན་བྱེད་ཚད་མཐོ་རུ་ཧུར་ཐག་གཏོང་བའི་ཐད་བཞག་ཡོད། ཕྱིས་སུ་སྤྱི་ཕན་རང་བཞིན་གྱི་ཞབས་ཞུས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་སྟེ་མི་སྒེར་ཚང་མ་གཞན་གྱིས་མཐོང་ཐུབ་པ་དང་ཁོང་ཚོར་དངོས་འབྲེལ་རྒྱབ་སྐྱོར་ཐུབ་པའི་རེ་བ་འཆང་བཞིན་ཡོད”ཅེས་གསུངས་པ་རེད།