2013ལོ་ནས་བཟུང་། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པས་ལོ་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བའི་ཡིད་དབང་བཀུགས་ཡོད། སྐར་ཚོགས་འོག་གི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་མོ་ལས་ཐང་རྒྱལ་རབས་ཆེ་མོའི་འུན་ཤིང་ཀོང་ཇོ་དང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་གཉེན་སྒྲིག་བྱས་པའི་ལོ་རྒྱུས་ཀྱི་རྣམ་པ་མཐོང་ཐུབ་ནས། མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་རོལ་དབྱངས་དཀྲོལ་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། འདམ་གཞུང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་སྤེན་པ་བཀྲ་ཤིས་ཀྱིས“འདམ་གཞུང་རྫོང་གིས་མི་རིགས་ཁག་ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་བཏོད་དེ། མི་རིགས་ཁག་གི་མང་ཚོགས་སེམས་པ་གཅིག་མཐུན་དང་གཉེན་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ནས་མངོན་པ་དང་། བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས། ཀྲོང་རིགས། ཐུའུ་ཅ་རིགས། མན་ཇུ་རིགས། མེའོ་རིགས། ཏུང་རིགས། པུའུ་དབྱི་རིགས་སོགས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ལྡན”ཞེས་གསུངས་པ་རེད།
ད་ཆ་འདམ་གཞུང་རྫོང་དུ། ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ཚང་མའི་ཐོག་ཁར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བཙུགས་ཡོད། ཁོང་ཚོས་ད་ཆའི་བདེ་སྐྱིད་འཚོ་བ་ནི་ཏང་གི་སྲིད་ཇུས་བཟང་པོ་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་པས། ཚང་མས་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། མི་རིགས་མཐུན་སྒྲིལ་གྱི་སྐོར་མང་ཙམ་གླེང་བ། མི་རིགས་མཐུན་སྒྲིལ་གྱི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ། སེམས་ནུས་ཡོད་རྒུས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་ཤོད་ཀྱི་ཡོད།
དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པའི་རྗེས་རབས་ཡིན་པའི་ངོས་ནས། གསར་དུ་བདམས་ཐོན་བྱུང་བའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན《བོད་ལྗོངས་གཞོན་ནུའི་ཚགས་པར》གྱི་རྩོམ་སྒྲིག་པ་ལིའུ་ཅུན་ཐའོ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། “《བོད་ལྗོངས་གཞོན་ནུའི་ཚགས་པར》གྱི་ཚགས་པར་གཉེར་བའི་འདུ་ཤེས་ནི‘ཏང་དང་སྡེ་ཚོགས་ཀྱི་མགྲིན་ཚབ་དང་གཞོན་ནུ་ཚོའི་གྲོགས་བཟང’བྱ་རྒྱུ་དེ་ཡིན། འདིར་བརྗོད་པའི་གཞོན་ནུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་དང་ཐ་ན་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་གོ་ཡི་ཡོད། ངའི་བསམ་པར་ཚགས་པར་ཡག་པོ་ཞེས་པ་ནི་ངེས་པར་དུ་མཐུན་སྒྲིལ་ལ་སྣང་ཆེན་དང་ཁ་ཕྱོགས་ཡག་པོ་སྟོན་རྒྱུ་དེ་རེད” ལིའུ་ཅུན་ཐའོ་ཡིས་རང་ཉིད་ཀྱི་ཉེ་འགྲམ་དུ་བོད་རིགས་དང་རྒྱ་རིགས་གཞོན་ནུ་མི་ཉུང་བ་ཞིག་གཉེན་སྒྲིག་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བཙུགས་ཡོད་པ་དང་། ཉེ་འཁོར་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མཐོང་དུས་རང་ཉིད་ལ་དྲོ་སྐྱིད་ཚད་མེད་ཡོང་གི་འདུག་ཅེས་ངོ་སྤྲོད་གནང་།