དབུ་ཤོག>ཆེད་སྒྲིག
  • བློ་ཁ་ཕྱོགས་ཤུགས་གཅིག་ཏུ་བསྒྲིལ། སེམས་མཐུན་སྒོར་མོ་ཡག་པོ་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-16

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་གནང་བའི་བཀོད་སྒྲིག་ལས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད། སེམས་འགུལ་ཡང་ཚད་མེད་ཐེབས་ཡོད། དེའི་ཐད་ཚང་མས་བློ་ཁ་ཕྱོགས་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་བ་དང་སེམས་མཐུན་སྒོར་མོ་ཡག་པོ་འབྲི་དགོས་པའི་དགོངས་ཚུལ་དང་འཆར་གཞི་ཡག་པོ་གང་བསམ་ལྷུག་གླེང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཀྲང་ཡོན་སུང་གིས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ལས་དོན་ཡག་པོ་བསྒྲུབ་པར་བཀོད་སྒྲིག་དང་བླང་བྱ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། འཇོ་མདའ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ཇུས་གཞི་དང་ལམ་ལུགས་བཟོ་བ། ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་བསྡུར་བྱེད་པ། དྲིལ་བསྒྲགས་ལས་སྟེགས་གཏོད་པ། གསར་གཏོད་ཀྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། སྔོན་ཐོན་དཔེ་མཚོན་གཏོད་པ་སོགས་ཀྱི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པས། ཚང་མས‘མཐུན་སྒྲིལ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྣང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི’རྣམ་པ་ཟབ་མོ་ཞིག་ཆགས་ཡོད། གོམ་སྟབས་རྗེས་མར་ང་ཚོས‘ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག’གི་བླང་བྱ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མུ་མཐུད་ལས་དོན་ཁག་གི་ཁྲོད་དུ་བཅུག་ནས་སྤྱི་འདོམས་འཆར་འགོད་དང་། བརྟན་ལྷིང་འགན་ལེན་དང་། འཕེལ་རྒྱས་སྟོབས་ཆེ། ཞི་མཐུན་ལ་སྐུལ་འདེད་བཅས་ཀྱི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སེམས་སྔར་བས་འགན་སྲུང་ཐུབ་པ་བཅས་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་ལས་བྱེད་པ་ཞུས་ཀོང་ཡུས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་མི་རིགས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ཁྱད་ཆོས་གསར་པར་དམིགས་ནས་བཏོན་གནང་བའི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན་ཞིག་རེད། བོད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་དོན་སྙིང་དེ་བས་ཆེ་བ་ལྡན་ཡོད། འདི་ནི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཚེ། གཞི་ནས་བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་དེ་བས་ལེགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པའི’མངགས་བཅོལ་ཟབ་མོ་ཡང་མངོན་འགྱུར་ཡོང་ཐུབ། གོམ་སྟབས་རྗེས་མར་ངས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་ཚོ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་ཆེད་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་གསུངས་པ་རེད།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྤེལ་ཏེ། ‘མོས་སེམས་ལྔ’ཟམ་མི་ཆད་པར་ཆེ་རུ་བཏང་ནས། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་བསྟན་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དོན་གྲུབ་ལ་ལས་ཀ་ཡུན་རིང་བྱེད་རིང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གལ་ཆེའི་རང་བཞིན་ལས་མྱོང་ཚོར་ཟབ་མོ་བྱུང་ཡོད། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད”ཅེས་བརྗོད། ཁོང་གིས“ཁྲ་འབྲུག་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ཁྲ་འབྲུག་དགོན་གྱི་འཆད་འགྲེལ་པ་ཞིག་གི་ངོས་ནས། སླད་ཕྱིན་ངས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། དགེ་འདུན་པ། མང་ཚོགས་བཅས་ཀྱི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་མུ་མཐུད་དྲིལ་བསྒྲགས་ཡག་པོ་བྱས་ནས། རང་ཉིད་ཀྱི་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་པ་དང་ལག་ལེན་པ་ཞིག་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ང་ཚོར་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་མི་རིགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་རྩ་གནད་རྩོམ་སྒྲིག་པར་སྐྲུན་དང་སློབ་སྦྱོང་དང་དྲིས་ལན་འདེབས་པའི་བྱེད་སྒོ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཁེ་ལས་ཀྱི་རིག་གནས་བྱེད་སྒོ་དང་མཉམ་འདྲེས་ཀྱིས། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོར་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། རིགས་ཁག་གི་སྨྱན་སྦྱོར་ཐོན་ཁུངས་དང་ལས་སྟེགས་སྤྱད་དེ། མི་རིགས་མཐུན་སྒྲིལ་ལས་དོན་གྱི་དཔེ་མཚོན་བྱེད་ཐབས་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་གཏོང་སྤེལ་རྒྱ་ཁྱབ་བྱས་ནས། གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་གཏོད་ཀྱི་ཡིན”ཞེས་མཚོ་བོད་ཚོགས་པ་ཀུང་སིའི་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལི་ཅུན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།