དབུ་ཤོག>ཆེད་སྒྲིག
  • སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-16

    སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་རིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་བཏོན་གནང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་སྟངས་འཛིན་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་གྲོས་གཞི་བརྒྱུད་གནད་ལ་འཕིགས་པའི་གྲོས་བཟང་དང་དོན་དང་མཐུན་པའི་ཇུས་བཟང་བཏོན་ཡོད།

    ཚོགས་འདུའི་རིང་ཁྱོན་བསྡོམས་གྲོས་གཞི་ཁག་306འབྱོར་ཡོད་ཅིང་། གྲོས་གཞིའི་ལས་དོན་གྱི་སྲོལ་ཡིག་ལ་གཞིགས་ཏེ་ཞིབ་བཤེར་བྱས་པ་བརྒྱུད་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཁག་290ཡོད་པ་དང་དེས་94.77%ཟིན་པ་དང་། གྲོས་ཁོངས་སུ་མ་བཅུག་པའི་གྲོས་གཞི་ཁག་16ཡོད་པ་དེས་5.23%ཟིན་ཡོད། གྲོས་ཁོངས་སུ་བཅུག་པའི་གྲོས་གཞིའི་ཁྲོད་ཨུ་ཡོན་མི་སྒེར་གྱིས་བཏོན་པའི་གྲོས་གཞི་ཁག་251ཡོད་པ་དེས་86.55%ཟིན་པ་དང་། མིང་འབྲེལ་ཐོག་བཏོན་པའི་གྲོས་གཞི་ཁག་39ཡོད་པ་དེས་13.45%ཟིན་ཡོད།

    སྤྱི་ཡོངས་ནས་བལྟས་ན། ད་ཐེངས་ཀྱི་ཚོགས་འདུའི་གྲོས་གཞིར་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་པ་སྟེ། གཅིག་ནི་ཨུ་ཡོན་གྱིས་གྲོས་གཞིར་བརྟེན་ནས་སྲིད་གླེང་གྲོས་མོལ་དང་རང་འགན་གཙང་སྒྲུབ་བྱེད་པའི་ཧུར་བརྩོན་རང་བཞིན་མཐོ་པོ་ཡོད་པ་དེ་ཐོག་ནས་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་ཁབ་ཆེད་དུ་འགན་འཁྲི་འཁུར་བ་དང་དམངས་ཀྱི་དོན་དུ་འགན་འཁྲི་འཁུར་བའི་རང་རྟོགས་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད། གཉིས་ནི་གྲོས་གཞིའི་ནང་དོན་ཐད“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་སྒྲུབ་རྩ་དོན་མཐའ་འཁྱོངས་བྱས་ཡོད། གསུམ་ནི་གྲོས་གཞིའི་བསམ་འཆར་དང་གྲོས་འགོར་དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་ཙམ་ལྡན་ཡོད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། མཐའ་འབྲས་ཀྱི་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་བྱས་ཡོད།

    ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་དམིགས་ནས་ཧུར་བརྩོན་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུའི་ཐད་གྲོས་གཞི་ཁག་34བཏོན་གནང་ཡོད་པ་དེས་11.73%ཟིན་པ་དང་། གྲོས་འགོ་གཙོ་བོ་ནི། སྤྱི་ཕན་ཐེབས་རྩའི་དགེ་སྒྲུབ་སྟོབས་ཤུགས་འདོན་སྤེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བོད་དུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ་སོགས་ཡིན།

    ཨུ་ཡོན་རྣམས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱ་རྒྱུའི་ཐད་གྲོས་གཞི་ཁག་109བཏོན་གནང་ཡོད་པ་དེས་37.59%ཟིན་ཡོད་པ་དང་། གྲོས་འགོ་གཙོ་བོ་ནི། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱེད་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་ཆེད་འགུལ་ནུས་སྣོན་དགོས་པ། རྣམ་གྲངས་ཆུང་གྲས་ཀྱི་འོས་སྐུལ་བྱེད་སྟངས་ལེགས་སྒྲིག་བྱས་ནས་ས་གནས་དེ་གའི་ཨར་སྐྲུན་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རོགས་སྐྱོར་བྱེད་དགོས་པ། ཞིང་འབྲོག་ཁུལ་གྱི་ཚོང་དོན་འཁོར་རྒྱུག་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཟོག་འགྲེམས་མྱུར་སྐྱེལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་དགོས་པ་སོགས་ཡིན།

    ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་གཏོད་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱ་རྒྱུའི་ཐད་གྲོས་གཞི་ཁག་75བཏོན་གནང་ཡོད་པ་དེས་25.86%ཟིན་པ་དང་། གྲོས་འགོ་གཙོ་བོ་ནི། བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་དང་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་རང་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལྗང་མདོག་དངུལ་རྩས་ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་མགྱོགས་སུ་བཏང་ནས་ལྗང་མདོག་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་སྤེལ་དགོས་པ། ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་ཁོར་ཡུག་སྔར་བས་ལེགས་སུ་གཏོང་དགོས་པ་སོགས་ཡིན།

    ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱ་རྒྱུའི་ཐད་གྲོས་གཞི་ཁག་42བཏོན་གནང་ཡོད་པ་དེས་14.48%ཟིན་པ་དང་། གྲོས་འགོ་གཙོ་བོ་ནི། མཐའ་མཚམས་ཀྱི་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས་པ་དང་། མཐའ་མཚམས་ཀྱི་གྲོང་གསེབ་རིག་གནས་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་དྲ་རྒྱའི་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་དགོས་པ། མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཛུགས་སྐྲུན་སྔར་ལས་མགྱོགས་སུ་གཏོང་དགོས་པ། མཐའ་བཅར་གྲོང་གསར་དུ་ཆུ་ནུས་དང་། འོད་ནུས། རླུང་ནུས། ཚ་ནུས་བཅས་ཀྱི་ནུས་ཁུངས་གསབ་རེས་ཀྱི་གློག་ཁང་འཛུགས་སྐྲུན་བྱེད་དགོས་པ་སོགས་ཡིན།

    ཨུ་ཡོན་རྣམས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་དང་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ལ་གཞི་ཚུགས་ཏེ་ད་དུང་སྲིད་གྲོས་ཀྱི་བྱ་གཞག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་རྒྱུ་སོགས་ཀྱི་ཐད་གྲོས་གཞི་ཁག་30བཏོན་གནང་ཡོད་པ་དེས་10.34%ཟིན་ཡོད།

    ཚོགས་འདུ་གྲོལ་རྗེས་གྲོས་གཞི་འདི་དག་གྲོས་སྒྲུབ་ཚན་པར་ཐག་གཅོད་བྱ་རྒྱུར་འབུལ་རྒྱུ་དང་། གྲོས་མོལ་ཐོག་གཙོ་གནད་གྲོས་གཞི་འདེམས་སྒྲུག་བྱས་ཏེ་ཀྲུའུ་ཞིའི་ཚོགས་འདུས་ཞིབ་བཤེར་གཏན་འཁེལ་གནང་རྗེས་སྒྲུབ་སྐུལ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།