ཀརྨ་ཚེ་བརྟན་དང་། མོང་ཞའོ་ལིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། རྡོ་རྗེ་ཚེ་སྒྲུབ། ངག་དབང་། ཅང་ཅེ། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ། ཝང་ཀང་བཅས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ།
ཚེས་15ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ནས་སྐབས་གསར་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་སྒྲིག་གཞི་བདམས་པ་རེད།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་རེད།
ཀརྨ་ཚེ་བརྟན་དང་། མོང་ཞའོ་ལིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། རྡོ་རྗེ་ཚེ་སྒྲུབ། ངག་དབང་། ཅང་ཅེ། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ། ཝང་ཀང་བཅས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།
ཚོགས་འདུའི་ཐོག་ཝང་ཀང་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་པ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་63བདམས་པ་རེད།
ཚོགས་འདུར་ཕེབས་དགོས་པའི་ཨུ་ཡོན་440དང་དངོས་སུ་ཕེབས་པ403ཡོད་པས《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》གི་གཏན་འབེབས་དང་མཐུན་ཡོད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲོང་ཡན་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀརྨ་ཚེ་བརྟན་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། རྡོ་རྗེ་ཚེ་སྒྲུབ། ངག་དབང་། ཅང་ཅེ། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ་སོགས་ད་ཐེངས་ཚོགས་འདུའི་ཀྲུའུ་ཞི་ཚོགས་པའི་གྲུབ་ཆའི་མི་སྣ་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།
ཚོགས་འདུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས》ལ་གྲོས་འཆམ་བྱུང་བ་དང་། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོར་གྲོས་འཆམ་བྱུང་བ། ཚོགས་ཆེན་གྱི་འདེམས་བསྐོར་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་བྱེད་ཐབས་སྤྱད་པ་རེད།
འདེམས་བསྐོའི་འབྲས་བུ་ཐོན་རྗེས། ཨུ་ཡོན་ཚང་མས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ནས་བདམས་ཐོན་བྱུང་བའི་སྐབས་གསར་པའི་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་ཚོར་རྟེན་འབྲེལ་ཞུས་པ་རེད།