དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་གཏན་འཁེལ་བྱས་པའི་དམངས་འཚོའི་བྱ་བ་དངོས་21གི་གསལ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-15

    ◆སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། སློབ་མ་རེར་ཆ་སྙོམས་ཚད་གཞི་སྒོར་90སྤར་ནས་སྒོར་5530ཟིན་རྒྱུ་དང་། སློབ་མ་ཁྲི་71.37ལ་ཕན་པ་འཐོབ་རྒྱུ།

    ◆གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། མི་རེར་ཆ་སྙོམས་ཚད་གཞི་སྒོར་30སྤར་ནས་མི་ཁྲི་285.2ལ་ཕན་པ་འཐོབ་རྒྱུ།

    ◆གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། མི་རེར་ཆ་སྙོམས་ཚད་གཞི་སྒོར་5སྤར་ནས་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཚང་མར་ཕན་པ་འཐོབ་རྒྱུ།

    ◆སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དེ་གཙོ་གནད་རྫོང་ཁག་ཏུ་རྒྱ་སྐྱེད་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། “1+7+13”གྱི་རོགས་སྐྱོར་བྱེད་སྟངས་བཟོས་ནས་རྫོང་རིམ་པའི་མི་དམངས་སྨན་ཁང་13སོ་སོར་ཆེད་སྤྱོད་ཁ་གསབ་རོགས་དངུལ་སྒོར་ཁྲི་200རེ་སྤྲོད་རྒྱུ་མ་ཟད། མཐའ་མཚམས་རྫོང་ཁག་ལ་སླར་ཡང་སྒོར་ཁྲི་100སྤྲོད་རྒྱུ།

    ◆གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ཟླ་རེར་མི་རེར་ཆ་སྙོམས་ཚད་གཞི་སྒོར་10སྤར་ནས་མི་ཁྲི་30ཙམ་ལ་ཕན་པ་འཐོབ་རྒྱུ།

    ◆གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་ཐོབ་ཐང་གཞན་དག་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་ཐོབ་ཐང་གཞན་དག་དང་རྨང་གཞིའི་རྒན་གསོའི་གྲོན་དངུལ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན། སྒོར་དུང་ཕྱུར་0.69བཀོད་སྒྲིག་བྱས་ནས་ལྗོངས་ཡོངས་ཀྱི་མང་ཚོགས་ཁྲི་2ཙམ་ལ་ཕན་པ་འཐོབ་རྒྱུ།

    ◆གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། གྲོང་ཁྱེར་གྱི་གྲོང་མི་རེར་ལོ་རེར་ཆ་སྙོམས་སྒོར་240མང་དུ་བཏང་ནས་མི་ཁྲི་2.5ལ་ཕན་པ་འཐོབ་རྒྱུ་དང་། གྲོང་གསེབ་ཀྱི་ཡུལ་མི་རེར་ལོ་རེར་ཆ་སྙོམས་སྒོར་180མང་དུ་བཏང་ནས་མི་ཁྲི་13ལ་ཕན་པ་འཐོབ་རྒྱུ། མཐའ་མཚམས་རྫོང་ལ་10%ཡི་བསྡུར་ཚད་ལྟར་མང་དུ་གཏོང་རྒྱུ།

    ◆དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། གཅིག་སྡུད་འཚོ་སྐྱོང་དང་གྲོང་ཁྱེར་དུ་ཁ་ཐོར་འཚོ་སྐྱོང་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ལོ་རེར་མི་རེར་ཆ་སྙོམས་སྒོར་317མང་དུ་གཏོང་རྒྱུ་དང་། གྲོང་གསེབ་ཏུ་ཁ་ཐོར་འཚོ་སྐྱོང་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ལོ་རེར་མི་རེར་ཆ་སྙོམས་སྒོར་270མང་དུ་གཏོང་རྒྱུ། འཚོ་བ་རང་མགོ་མི་ཐོན་པའི་གཅིག་སྡུད་འཚོ་སྐྱོང་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་མིར་ལྟ་རྟོག་དང་ནད་གཡོག་རྒྱུག་གླ་ལོ་རེར་མི་རེར་ཆ་སྙོམས་སྒོར་31མང་དུ་གཏོང་རྒྱུ། འཚོ་བ་རང་མགོ་རྦད་དེ་མི་ཐོན་པའི་གཅིག་སྡུད་འཚོ་སྐྱོང་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་མིར་ལྟ་རྟོག་དང་ནད་གཡོག་རྒྱུག་གླ་ལོ་རེར་མི་རེར་ཆ་སྙོམས་སྒོར་47མང་དུ་གཏོང་རྒྱུ།

    ◆དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ། ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ཟླ་རེར་མི་རེར་ཁག་སོ་སོར་ཆ་སྙོམས་སྒོར་172དང་། སྒོར་206 སྒོར་232བཅས་སྤོར་རྒྱུ།

    ◆རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ལོ་རེར་མི་རེར་ཆ་སྙོམས་ཚད་གཞི་སྒོར་500སྤོར་རྒྱུ།

    ◆“རྒན་གྲས་གསུམ”གྱི་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། མི་རེར་ཆ་སྙོམས་ཚད་གཞི་སྒོར་50སྤོར་རྒྱུ།

    ◆སྤྱི་ཚོགས་ཕན་བདེའི་གཅིག་སྡུད་སྒྲིག་གཞི་འཁོར་རྒྱུག་བྱ་རྒྱུ་དང་མི་སྣའི་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། རང་སྐྱོང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དང་སྤྱི་ཚོགས་ཀྱི་ཆ་སྙོམས་གླ་ཕོགས་ཀྱི་ཚད་གཞིའི་འགྱུར་བར་གཞིགས་ནས་སྤྱི་ཚོགས་ཕན་བདེའི་སྒྲིག་གཞིའི་མི་སྣའི་གླ་ཕོགས་ཚད་གཞིར་འགྱུར་ལྡན་ལེགས་སྒྲིག་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་ཆ་སྙོམས་གླ་ཕོགས་ཀྱི་འགྱུར་བར་གཞིགས་ནས་སྤྱི་ཚོགས་ཕན་བདེའི་སྒྲིག་གཞིའི་མི་སྣའི་སྤྱི་ཚོགས་འགན་བཅོལ་གྱི་དངུལ་འཇལ་གཞི་གྲངས་ལ་དེ་མཚུངས་ལེགས་སྒྲིག་བྱ་རྒྱུ།

    ◆སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་དང་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ལོ་གོང་མའི་ལྗོངས་ཡོངས་ཀྱི་ལས་ཐོག་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཚད་གཞི་དང་མ་མཐའི་གླ་ཕོགས་ཚད་གཞིར་གཞིགས་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་དང་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ཚད་གཞིར་ལེགས་སྒྲིག་བྱ་རྒྱུ།

    ◆གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ལྟེ་བའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་རྒན་པའི་ཐོབ་ཆ་ལོ་རེར་མི་རེར་ཆ་སྙོམས་སྒོར་599མང་དུ་གཏོང་རྒྱུ་དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་ལ་སྒོར་4085མང་དུ་གཏོང་རྒྱུ། མཐའ་མཚམས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་རྒན་པའི་ཐོབ་ཆ་སྒོར་660མང་དུ་གཏོང་རྒྱུ་དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་ལ་སྒོར་4494མང་དུ་གཏོང་རྒྱུ།

    ◆མཐའ་མིའི་ཁ་གསབ་རོགས་དངུལ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། མཐའ་མཚམས་འཐབ་ས་དང་པོའི་གྲོང་ཚོའི་མཐའ་མིའི་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་200སྤོར་རྒྱུ།

    ◆མཐའ་སྲུང་མི་སྣའི་ཁ་གསབ་རོགས་དངུལ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། ཁ་གསབ་རོགས་དངུལ་ཚད་གཞི་མི་རེར་ལོ་རེར་གཅིག་གྱུར་སྒོར་18000སྤྲོད་རྒྱུ།

    ◆མ་དངུལ་སྒོར་དུང་ཕྱུར་6བཀོད་སྒྲིག་བྱས་ནས་ས་བབ་མཐོ་ཚད་སྨི་3500ཡན་གྱི་མཐའ་མཚམས་རྫོང་གྲོང་དང་ཤང་གྲོང་རྡལ་གྱི་གསོ་རླུང་མཁོ་འདོན་ལ་རྒྱབ་སྐྱོར་བྱ་རྒྱུ།

    ◆མ་དངུལ་སྒོར་དུང་ཕྱུར་4.49བཀོད་སྒྲིག་བྱས་ནས་གཞི་རིམ་གྱི་དྲོད་རླངས་མཁོ་འདོན་ལ་རྒྱབ་སྐྱོར་བྱ་རྒྱུ།

    ◆མ་དངུལ་སྒོར་དུང་ཕྱུར་1.81བཀོད་སྒྲིག་བྱས་ནས་རྫོང་ཆུད་ཀྱི་གཞུང་བཙུགས་སྨན་ཁང་ལ་དྲོད་རླངས་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

    ◆2022ལོར་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག་མ་དངུལ་བཀོད་སྒྲིག་བྱས་ནས་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་ཚ་ཁྲི་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།

    ◆མ་དངུལ་སྒོར་དུང་ཕྱུར་1.4བཀོད་སྒྲིག་བྱས་ནས་ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་དང་ས་མཐོའི་ཆུ་དམ་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།