དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-15

    ཚེས་14ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་ཀྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན། རང་སྐྱོང་ལྗོངས་ཀྱི་2022ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2023ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་སོགས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ལ་ཞུགས་པ་རེད།

    འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་སྤྱི་ཡོངས་སྟངས་འཛིན་དང་། དོན་དངོས་དང་མཐུན་ལ་ཡང་དག་པ། བདེན་འཚོལ་དང་ཕན་འབྲས་དོན་གཉེར། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད་པས། མཛུབ་ཁྲིད་རང་བཞིན་དང་། དམིཌ་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད།

    དེས་ན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ལ་གོ་བ་ཡག་པོ་ལེན་པ་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”གཞིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ་བཅས་བྱས་ཏེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སེམས་ནུས་གཅིག་སྒྲིལ་གྱིས་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

    འཐུས་མི་ཚོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དེ་ཁྱོན་ཡོངས་དང་དོན་དངོས་ཡིན་པ་དང་། མ་འོངས་ཀྱི་ལས་དོན་བཀོད་སྒྲིག་གི་གཙོ་གནད་མངོན་གསལ་དོད་པ། སྙན་སྒྲོན་ཧྲིལ་པོ་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ལྟར་ཐབས་འགོད་ཇུས་འདོན་བཅས་བྱས་ཡོད་པ་དེ་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དུས་བསྟུན་འཕེལ་རྒྱས་དང་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བླང་བྱ་མཚོན་ཡོད། སྙན་སྒྲོན་གྱི་ཚུགས་གནས་མཐོ་བ་དང་། ནང་དོན་དངོས་ཡིན་པ། ཚིག་ཉུང་ཞིང་དོན་གསལ་བ། རྩོམ་སྲོལ་བབ་ཆགས་པ་བཅས་ཡོད་པས་རྦད་དེ་མོས་མཐུན་ཡོད་ཅེས་མགྲིན་གཅིག་ཏུ་གསུངས་པ་རེད།

    “ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། འཐུས་མི་ཚོས། “ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ནང་དོན་དངོས་ཀྱི་ཐོག་ནས་སྐད་ཆ་ཤོད་པ་དང་གྲངས་གཞིའི་ཐོག་ནས་རྒྱུགས་ལན་ཕུལ་ཏེ། འགན་འཁྲི་ནན་ཏན་འཁུར་བ་དང་། གཞུང་དྲང་ཁྲིམས་འཛིན་ནན་པོ་བྱེད་པ། ཁྲིམས་ལྟར་གྱོད་གཞི་བསྒྲུབ་རྒྱུ་མཐའ་འཁྱོངས་སོགས་ཐད་ཀྱི་ལས་དོན་གྱི་ཕན་འབྲས་གང་ལེགས་མཚོན་ཡོད་པས་རྦད་དེ་མོས་མཐུན་ཡོད། ལོ་ལྔའི་རིང“ཁང་གཉིས”ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་མཐའ་གཅིག་ཏུ་ལག་ལེན་བསྟར་བས། ཆབ་སྲིད་ཀྱི་ཁོར་ཡུག་དང་། སྒྲིག་ཁྲིམས་དང་སྤྱོད་ཚུལ། བྱང་ཚད་དང་འཇོན་ཐང་། ཁྲིམས་འཛིན་ལ་ཀུན་གྱི་ཡིད་ཆེས་ཚད་བཅས་སྔར་བས་ཆེ་རུ་ཕྱིན་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་ནུས་ལྡན་ཐུབ་ཡོད་ཅེས་མགྲིན་གཅིག་ཏུ་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།