རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
ཨུ་ཡོན་12ཀྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་གནང་བ།
ཚེས་14ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་བག་གྲོ་སོགས་ཨུ་ཡོན་12ཀྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་བཅས་ཚོགས་འདུར་ཕེབས་ནས་ཨུ་ཡོན་གྱི་གཏམ་བཤད་གསན་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ངག་དབང་། ཅང་ཅེ། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཞུགས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཨུ་ཡོན་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་གཏམ་བཤད་གནང་སྐབས། ཁོང་གིས་ང་ཚོས“གདེང་ཚོད་བཞིའི”ནང་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི“གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”ལས་བྱུང་བར་ངོས་འཛིན་གཏིང་ཟབ་བྱེད་དགོས། བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱི་མིའི་ངོས་ནས“ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་བ”ཡིད་ལ་བརྟན་པོར་ངེས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། ཆོས་ལུགས་རིགས་ཁོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་བྱ་གཞག་རླབས་པོ་ཆེར་ཧུར་ཐག་ཞུགས་པ། དུས་རབས་རླབས་པོ་ཆེར་དྲིན་ལན་ཡག་ཤོས་འཇལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་བཀྲ་ཤིས་བག་གྲོས་གཏམ་བཤད་གནང་སྐབས། མི་དམངས་སྲིད་གྲོས་ཀྱིས་རིགས་ཁོངས་ཁག་གི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ལ་དམིགས་ཏེ། ངོས་འཛིན་བྱེད་ཚད་མཐོ་བ་དང་། བསམ་ཕྱོགས་གསལ་བ། ནང་དོན་དངོས་འབྲེལ། བྱེད་ཐབས་ལེགས་པ་བཅས་ཡིན་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཨུ་ཡོན་ཧན་ཡུས་ཀྱིས་གཏམ་བཤད་གནང་སྐབས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་གྲངས་འབོར་འཕར་བ་ནས་སྤུས་ཚད་མཐོར་གཏོང་གི་བར་འགྱུར་ལྡོག་ཧུར་ཐག་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་སྟེ། ཞིང་པ་མཉམ་འབྲེལ་དང་ཞིང་པ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁེ་ཕན་བགོ་འགྲེམས་ཡག་པོ་བརྒྱབ་ནས་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། དེ་དང་དུས་མཚུངས་སྲིད་ཇུས་དང་ལམ་ལུགས་བྱེད་ཐབས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཨུ་ཡོན་ཉི་མ་ཚེ་རིང་གིས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཐད། རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད། ཐོན་ལས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་གི་འཐབ་ཇུས་ལག་ལེན་བསྟར་བ། སྲིད་ཇུས་དོན་འཁྱོལ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཨུ་ཡོན་བསོད་ནམས་གཡུ་སྒྲོན་གྱིས། གྲོས་གཞིའི་ལས་དོན་གྱི་འབྱུང་རྩའི་སྤུས་ཚད་དང་། གཞན་སྒྱུར་གྱི་སྤུས་ཚད། ཞབས་ཞུའི་སྤུས་ཚད་སོགས་མཐོ་རུ་ཇི་ལྟར་གཏོང་བའི་ཐད་གཏམ་བཤད་གནང་བ་རེད།
ཨུ་ཡོན་ཆོས་སྒྲོལ་མས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སོགས་ཀྱི་ལས་དོན་བརྒྱུད། སློབ་གྲྭ་འབྲིང་ཆུང་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྟེན་གཞི་གལ་ཆེན་དུ་ཧུར་ཐག་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
གཞན་ཡང་ཨུ་ཡོན་ཝང་ཤིན་ཧུའེ་དང་། ཧན་ཏའོ་ཕིང་། ཀྲང་ཅུན། ཧན་ཡུན་ཧྲོན། རྡོ་རྗེ་དགྲ་འདུལ། ཚེ་རིང་དབྱངས་ཅན་བཅས་ཀྱིས་གྲོས་མོལ་དམངས་གཙོའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་རིག་དཔལ་དར་བའི་སྲིད་གྲོས་སྐྲུན་པ་སོགས་ལ་དམིགས་ནས་གཏམ་བཤད་གནང་བ་རེད།