དབུ་ཤོག>ཆེད་སྒྲིག
  • ལིའུ་ཅང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཀྱིས་ཁག་སོ་སོར་སྲིད་གྲོས་ཀྱི་ཨུ་ཡོན་ཚོར་གཟིགས་པ་དང་འབྲེལ་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-15

    ཚེས་12ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་ཚོས་ཚོགས་ཆུང་ཁག་བགོས་གནང་ནས《སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང《གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་གྲོས་བསྡུར་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཁག་སོ་སོར་རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཨུ་ཡོན་ཚོར་གཟིགས་པ་དང་འབྲེལ་གྲོས་བསྡུར་ལ་ཞུགས་པ་རེད།

    ལིའུ་ཅང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཁོང་གིས། འདས་ཟིན་པའི་ལོ་ལྔ་ནི་རང་ལྗོངས་ཀྱི་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་ལྔ་རེད་ལ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འབད་འབུངས་ཡར་བརྩོན་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལོ་ལྔ་ཡང་རེད། ཨུ་ཡོན་ཚོས་སྣེ་ཁྲིད་ནས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”ཐུབ་པ། “འཛུཌ་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ལ། སྣེ་ཁྲིད་དེ་སྤྱི་ཡོངས་དོན་གཉེར་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་གང་ལེགས་འཁུར་བ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དང་འབྲེལ་བ་དམ་ཟབ་བྱེད་པ། བརྟག་ཞིབ་གཏིང་ཟབ་བཅས་བྱས་ནས་བློ་གྲོས་ལྡན་པའི་གཏམ་དང་དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་དགོས་པའི་ནན་བཤད་གནང་བ་རེད།

    དབང་ཧའེ་ཀྲོའུ་རིག་གནས་སྒྱུ་རྩལ་དང་། གསར་འགྱུར་དཔེ་སྐྲུན། སྤྱི་ཚོགས་ཚན་རིག་བཅས་ཀྱི་རིགས་ཁོངས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས། དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས། རྒྱ་ཆེའི་རིག་གནས་སྒྱུ་རྩལ་གྱི་ལས་དོན་པ་དང་། གསར་འགྱུར་དཔེ་སྐྲུན་གྱི་ལས་དོན་པ། སྤྱི་ཚོགས་ཚན་རིག་རིགས་ཁོངས་ཀྱི་ལས་དོན་པ་བཅས་ཀྱིས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་དང་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་སེམས་ཤུགས་དང་བླ་སྲོག་གཅིག་སྒྲིལ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་པ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་དགོས་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བཏང་ནས་སྤུས་ཚད་མཐོ་བའི་རིག་གནས་ཀྱིས་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་སྐོང་དགོས་པ། ལངས་ཕྱོགས་བརྟན་པོ་དང་། ཤེས་རྒྱ་ཟབ་པ། ཤུགས་རྐྱེན་ཆེ་བ། སྤྱོད་ཡོན་གཉིས་ལྡན་བཅས་ཀྱི་རྩོམ་རིག་མཁས་ཅན་དང་། སྒྱུ་རྩལ་མཁས་ཅན། གསར་འགྱུར་མཁས་ཅན། སྤྱི་ཚོགས་ཚན་རིག་མཁས་ཅན་བཅས་འབོར་ཆེན་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    ལའེ་ཅའོ་ཆོས་ལུགས་རིགས་ཁོངས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས། ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་དང་། ལེགས་ཆའི་ནུས་པ་འདོན་སྤེལ། ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་པ་བཅས་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་པ་གང་ལེགས་འདོན་དགོས། “གཏན་འཁེལ་གཉིས”ཀྱི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་སྟངས་འཛིན་ནན་པོ་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། དུས་རབས་ཀྱི་བླང་བྱ་དང་མི་འཚམ་པའི་ལུགས་རྙིང་སྲོལ་ངན་རང་རྟོགས་ངང་མེད་པར་བཟོ་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རེན་ཝེ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས། ལྗོངས་སྲིད་གྲོས་ཀྱི“སྙན་སྒྲོན་གཉིས”ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས། 2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་པ་མ་ཟད། དམིགས་ཚད་ཁག་ལེགས་གྲུབ་ལེགས་ཙམ་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྐས་རིམ་གསར་པར་སླེབས་ཡོད་ཅེས་གསུངས་པ་རེད།

    ཕུར་བུ་དོན་གྲུབ་སློབ་གསོ་དང་ལུས་རྩལ་རིགས་ཁོངས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས། སྲིད་གྲོས་ཀྱི“སྙན་སྒྲོན་གཉིས”ཀྱི་ཚུགས་གནས་མཐོ་བ་དང་དམ་པ་དོན་གཉེར་ཡོད་ལ། སྲིད་གྲོས་ཀྱི་འགན་འཁྲི་དང་། སྲིད་གྲོས་ཀྱི་བློ་གྲོས། སྲིད་གྲོས་ཀྱི་ལས་འགན་བཅས་ཀྱང་གང་ལེགས་མངོན་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཨུ་ཡོན་གྱི་བརྩེ་སེམས་དང་། ཨུ་ཡོན་གྱི་འགན་འཁྲི། ཨུ་ཡོན་གྱི་ཉམས་འགྱུར་བཅས་གང་ལེགས་མངོན་ཡོད་ཅེས་གསུངས་ཤིང་། ཁོང་གིས། རྒྱང་ལམ་གསར་པར་སྐྱོད་པར་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་ལྷ་སར་ཐུགས་ཁུར་གཟབ་བཞེས་དང་རེ་བ་ཟབ་མོ་བཅོལ་ནས“སྣེ་ཁྲིད་དམག་བདུན་ཡག་པོ”བྱེད་པར་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད་ཅེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་ཆོས་ལུགས་རིགས་ཁོངས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་ཤིག་རྒྱག་པའི་ཁྲིམས་འགལ་བྱེད་སྤྱོད་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཧུར་ཐག་ཞུགས་ཏེ་འགན་འཁྲི་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འདུལ་ཁྲིམས་ཀྱི་འཆད་འགྲེལ་འདུ་འགོད་ལ་ཧུར་ཐག་ཞུགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རང་འགུལ་ངང་སྦྱོང་སྤྱོད་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ཏེ“མོས་སེམས་ལྔ”ཟབ་ཏུ་གཏོང་དགོས། སྣེ་ཁྲིད་དེ“འདུ་ཤེས་གསུམ”གྱི་སློབ་གསོར་ཞུགས་ནས“ཚད་གཞི་བཞི”ལག་བསྟར་བྱེད་པ་དང་། སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སྲུང་དང་སྡོམ་ཁྲིམས་དང་སྒྲིག་ལམ་སྲུང་བ། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    ཤའོ་ཡིའུ་ཚའེ་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་ལེན་རིགས་ཁོངས་དང་། དམིགས་བསལ་གདན་ཞུའི་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་སྐབས། སྲིད་གྲོས་ཨུ་ཡོན་ཚོས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་ལ་ཤུགས་སྣོན་རྒྱག་པ་ལས་ཀའི་གཙོ་དོན་ལ་བརྩི་བ། རྩ་ཆེའི་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་གཏོང་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པར་ཐབས་འདོན་ཇུས་འབུལ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།