དབུ་ཤོག>ཆེད་སྒྲིག
  • གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་ནས་རང་འགན་གཙང་སྒྲུབ་ནན་ཏན་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    “མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་ཡིན་པས་མི་དམངས་ཀྱི་ཚབ་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་ཡི་ཡོད། ངས་ངེས་པར་དུ་ལྗིད་ཏིག་ཏིག་གི་འགན་འཁྲི་དེ་འཁུར་ནས་འཐུས་མིའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འབོད་སྒྲ་དང་བསམ་འདུན་མཚོན་ཐུབ་པ་དང་མང་ཚོགས་ཀྱི་ཡིད་ཆེས་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་བབ་གྲོང་རྡལ་སེང་གེ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་མིག་དམར་བུ་ཁྲིད་ཀྱིས་གསུངས།

    མིག་དམར་བུ་ཁྲིད་སྡོད་སའི་སེང་གེ་སྡེ་ཁུལ་དུ་རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་11གི་མང་ཚོགས་1307ཡོད། ལོ་མང་རིང་སེང་གེ་སྡེ་ཁུལ་གྱིས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྡེ་ཁུལ་དུ་གྱུར་ཡོད། 2017ལོར་སེང་གེ་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་ཞུགས་པའི་མིག་དམར་བུ་ཁྲིད་ཀྱིས་འབད་བརྩོན་ལྷུར་ལེན་དང་དཀའ་ངལ་ཁྱད་བསད་ཀྱིས་ལས་ཀ་ཚང་མ་ནན་ཏན་ངང་བསྒྲུབས་པས། 2020ལོར་ཁོང་སྡེ་ཁུལ་གྱི་གྲོང་མིས་སེང་གེ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ལ་བདམས་པ་རེད།

    དུད་ཚང་དུ་འཚམས་འདྲིར་སྐྱོད་སྐབས། མིག་དམར་བུ་ཁྲིད་ཀྱིས་ལོ་60ལྷག་ཙམ་ལ་སླེབས་པའི་ལི་ཡུན་ཧྥུའུ་ལོ་མང་རིང་ཁེར་རྐྱང་དུ་འཚོ་བ་སྐྱེལ་བ་དང་ཟླ་རེའི་གླ་ཆ་ཕྲན་བུ་དེ་ཡང་སློབ་ཆེན་འགྲིམ་བཞིན་པའི་བུ་མོར་བསྐུར་དགོས་པས་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་ཡོད་པ་ཤེས་རྗེས་ལི་ཡུན་ཧྥུའུ་ལ་རྫོང་དམངས་སྲིད་ནས་རོགས་སྐྱོར་རེ་ཞུ་བྱེད་རོགས་བྱས་པས་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་རེད།

    དོན་ཆེན་དེ་ཐག་གཅོད་བྱས་ཚར་རྗེས། མིག་དམར་བུ་ཁྲིད་ཀྱིས་སྡེ་ཁུལ་གྱི་གྲོང་མིའི་ཆེད་དུ་གང་སར་བསྐྱོད་པ་དང་གནད་དོན་ཐག་གཅོད་བྱེད་པའི་གོམ་སྟབས་གཏན་ནས་མཚམས་འཇོག་མྱོང་མེད། འཚམས་འདྲི་བྱེད་ཐེངས་རེར་ཁོང་གིས་ལྟོ་ཕད་ནང་རྟག་ཏུ་འབྲི་དེབ་དང་སྨྱུ་གུ་ཁྱེར་ནས་སྡེ་ཁུལ་གྱི་དུད་ཚང་ཚང་མས་བཏོན་པའི་གནད་དོན་ཟིན་བྲིས་སུ་བཏབ་རྗེས། ཐབས་ཤེས་ཡོད་རྒུས་གྲོང་མིའི་དཀའ་ངལ་དང་འདོད་འདུན་ཐག་གཅོད་བྱེད་ཀྱི་ཡོད།

    མིག་དམར་བུ་ཁྲིད་ཀྱིས“ད་ཐེངས་ཀྱི་ཚོགས་འདུ་གཉིས་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ‘འཛུགས་གཏོད་བཞིར’སྐུལ་འདེད་ཤུགས་ཆེན་གཏོང་བ་དང‘མདུན་གྲལ་དུ་སླེབས་པ་བཞི’ཧུར་ཐག་བྱེད་པའི་འགག་རྩའི་དུས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ངས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་མི་རིགས་ལས་དོན་ས་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་འདོན་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།