དབུ་ཤོག>ཆེད་སྒྲིག
  • “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི” རླབས་ཆེན་ལག་ལེན་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཡང་ཡིན། ཚོགས་འདུ་གཉིས་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འབྱུང་འགྱུར་གྱི་ལས་ཀའི་གཙོ་གནད་ལྷུག་པོར་གླེང་བ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་ཇི་ལྟར་གཏོང་བའི་ཐད་ཐབས་འདོན་ཇུས་འགོད་ཧུར་ཐག་གནང་བ་རེད།

    འདམ་གཞུང་རྫོང་ནི་ལྷ་སའི་བྱང་སྒོ་ཆེ་མོ་རེད། དེའི་སྐོར་གླེང་སྐབས། མི་མི་ཉུང་བ་ཞིག་གིས“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་སྤུས་རྟགས་དྲན་སྲིད། འདས་ཟིན་པའི་ལོ་5ཡི་ནང་། འདམ་གཞུང་རྫོང་གིས་དམིགས་བསལ་གྱི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་ངེས་གནས་གཏན་འཁེལ་བྱས་ཡོད། འདམ་གཞུང་རྫོང་གིས“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་སྤུས་རྟགས་ལ་བརྟེན་ནས། འདམ་གཞུང་རྫོང་གི་ས་གཙང་འབྲོག་ར་ཀོ་ཁྱིམ་ཚོད་ལྟའི་ཞིང་ཁ་དང་འདམ་གཞུང་རྫོང་གི་ས་མཐོའི་འབྲི་གཡག་ཐོན་ལས་རྟེན་གཞི་སྔ་རྗེས་སུ་བཙུགས་ནས། ལྗོངས་ཕྱི་ནང་དུ“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ་ཕྱིར་ཚོང་ས་ཚིགས་དང་ཉམས་ལེན་ཚོང་ཁང་བཙུགས་ཏེ། དྲ་ཐོག་ཚོང་དོན་གྱི་སྟེགས་བུ་ཞིག་དང་མཉམ་ལས་བྱས་ནས་དྲ་ཐོག་དང་དྲ་ཕྱི་ནས་ཕྱིར་ཚོང་བྱས་པས“གསོ་ཚགས་དང་། ཐོན་སྐྱེད། ཕྱིར་ཚོང”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཞིག་ཆགས་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཐུབ་བསྟན་འཕེལ་རྒྱས་ཀྱིས། དུས་བབ་གསར་པ་དང་ལས་འགན་གསར་པར་ཕྱོགས་སྐབས། འདམ་གཞུང་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྔར་བས་འབད་འཐབ་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་དང་སྔར་བས་དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་འདམ་གཞུང་གི་དོན་དངོས་ལ་གཞི་ཚུགས་པ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ། རང་འགུལ་ངང་ལྷ་ས་གྲོང་ཨུད་ཀྱི“ལྟེ་བ་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལ་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་འདམ་གཞུང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ཏང་ཨུད་ཀྱི་ཨུ་ཡོན། ཧང་ཀྲང་གཞོན་པ་ཡའོ་ཀྲུང་ཡུས་ཀྱིས། 2022ལོར། བོད་ལྗོངས་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གིས་དངུལ་རྩའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས། ཆབ་སྲིད་ལས་ཁུངས་ཀྱི་ཁོངས་གཏོགས་རང་བཞིན་ལ་ཤུགས་སྣོན་བརྒྱབ་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གཙོ་གནད་དེར་དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཧུར་ཐག་གཏོད་པ། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དང་བརྟན་ཞིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་བཏང་བ། ལྷུག་ལ་འོས་འཚམ་གྱི་དངུལ་ལོར་ཡིད་རྟོན་དངུལ་བུན་གྱི་ཁོར་ཡུག་བཏོད་པ་བཅས་ལས། ལོ་ཧྲིལ་པོར་ཡིད་རྟོན་དངུལ་བུན་5%ཡན་འཕར་བའི་དམིགས་ཚད་ལས་འགན་མངོན་འགྱུར་བྱུང་ཡོད། གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་འགན་ལེན་བྱས་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་སྤྱི་ཡོངས་བརྟན་པོ་ཡོང་བའི་དངུལ་རྩའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ནས་དཀའ་ངལ་འཕྲད་པའི་དཔལ་འབྱོར་གྱི་བྱེད་པོའི་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཚོགས་འདུ་ཐེངས་45འཚོགས་ནས་དངུལ་བུན་སྒོར་དུང་ཕྱུར་52.7བཏང་བ་དང་། ཟླ་དང་པོ་ནས་བཅུ་གཅིག་བར་རིམ་རྩིས་བྱས་ན་མ་འཇལ་སྐྱེད་སྤྲོད་དུས་འགྱངས་སྒོར་དུང་ཕྱུར་160.57བྱས་པ་དང་། ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་232.4ཟིན་པ་དེ་དུས་མཚུངས་ལས་30.5%འཕར་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་དམིགས་ནས་འབྱུང་འཕྲོད་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་སྟེ། ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་དང་། ནུས་རྒྱུ་གཙང་མ། གནོད་མེད་བཟོ་ལས་སོགས་ཁྱབ་ཁོངས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས། 2022ལོའི་དུས་ཚིགས་གསུམ་པའི་དུས་མཇུག་གི་འབྱུང་འཕྲོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་883.19ཟིན་པ་དེས་བསྡུར་གྲངས་ཀྱི་16.4%བཟུང་བ། མཐའ་དར་མཐའ་བརྟན་དང་དམངས་ཕྱུག་གི་བྱ་སྤྱོད་ལ་དམིགས་ཏེ། ཀུན་ཕན་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་སྐྱོར་དངུལ་ལེན་ས་ཚིགས་དང་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུའི་ས་ཚིགས་འཛུགས་པར་ཤུགས་སྣོན་བརྒྱབ་ནས་མཐའ་བརྟན་མཐའ་དར་གྱི་དངུལ་བུན་བཏོད་ཡོད་ཅེས་གསུངས་པ་རེད།

    “ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་བྱས་པ་བརྒྱུད། ང་ལ་བྱུང་བའི་མྱོང་ཚོར་ཟབ་ཤོས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་། འཕེལ་རྒྱས་དང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ཤེས་དཔལ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ནང་དོན་དང་བླང་བྱ་ཤེས་རྟོགས་གཏིང་ཟབ་བྱེད་རྒྱུ་དེ་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཁྲེན་ཧྥུང་གིས་གསུངས་པ་རེད།

    ཚོགས་འདུ་གཉིས་རིང་། འཐུས་མི་དང་ཨུ་ཡོན་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་རྒྱུ་ནི་རང་ལྗོངས་ཀྱིས“གོམ་སྟབས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གོམ་སྟབས་དང་པོའི་ཞིབ་ཕྲའི་ལག་ལེན་དང་། རང་འགུལ་ངང་ཞབས་ཞུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་གང་ཐུབ་བྱེད་པ། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་བཅས་ཡིན་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”རླབས་ཆེན་ལག་ལེན་ཁྲོད་སེམས་ནུས་ཡོད་ཚད་འདོན་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།