དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཡང་འཛོམས་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོ་ནས་རེད།

    “སྔོན་ཆད་ལོ་ལྟར་དགུན་ཁ་གངས་བབས་ནས་ལོ་ཕྱེད་ཙམ་ལ་འགག་པས་འགྲོ་འོང་བྱེད་དགོས་ཚེ་རྐང་ཐང་མར་སྐྱོད་དགོས་ཀྱི་ཡོད། གལ་སྲིད་དགུན་ཁ་མ་ཤར་གོང་འབྲུ་རིགས་གྲོང་ཚོར་མ་དབོར་ཚེ་དགུན་ཁར་གྲོད་པ་ལྟོགས་ནས་སྡོད་རྒྱུ་ལས་མ་འདས། ཕྱུགས་དེད་ནས་བསྐྱོད་ཐེངས་རེར་མགྱོགས་ཤོས་སུའང་ཉིན་གཅིག་འགོར་གྱི་ཡོད། གལ་སྲིད་གངས་བབས་པ་དང་འཁེལ་ཚེ་ཚེ་སྲོག་ལའང་ཉེན་ཁ་འཕྲད་སྲིད”ཅེས་གཡང་འཛོམས་ཀྱིས་ཕྱིར་དྲན་བྱེད་བཞིན་གསུངས།

    “ད་ཆ་ང་ཚོ་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་བདེ་འཇགས་ལྡན་ལ་ཧ་ཅང་བརྟན་པའི་ཆུ་དང་། གློག དྲ་བ་བཅས་སྤྱོད་རྒྱུ་བྱུང་བས་ཁྱིམ་ཚང་ཚང་མར་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད”ཅེས་གཡང་འཛོམས་ཀྱིས་གསར་འགོད་པར་གསུངས།

    2022ལོར་ཡུལ་སྨད་ཤང་ཡོངས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1066ལྷག་ཙམ་ཟིན་པ་དང་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.4ལྷག་ཙམ་ཟིན་ནས་2021ལོ་ལས་15.5%འཕར་བ་དང་། དབུལ་སྒྲོལ་དུད་ཚང་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་30.8ལྷག་ཙམ་ཟིན་པ། དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.7ལྷག་ཙམ་ཟིན་ནས་2021ལོ་ལས་15.3%འཕར་ཡོད་པ་རེད།

    གཡང་འཛོམས་ཀྱིས“གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད་པས་ངེས་པར་དུ་ནན་ཏན་ངང་སྒྲུབ་དགོས་པའི་ཚོར་སྣང་ཞིག་བྱུང་། ཡུལ་སྨད་ཤང་དུ་ལོག་རྗེས་ངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཡུལ་སྨད་ཤང་གི་དུད་ཚང་ཚང་མར་དྲིལ་བསྒྲགས་བྱ་རྒྱུ་དང་འབྲེལ། མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱས་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན། སླད་ཕྱིན་ང་ཚོའི་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་དང་དེ་ཙམ་གྱིས་བདེ་སྐྱིད་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།