དབུ་ཤོག>ཆེད་སྒྲིག
  • མུ་མཐུད་འབད་འཐབ་བྱས་ནས་བོད་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་འགོ་ཚུགས་ལོ་ཞིག་ཡིན་ལ། མུ་མཐུད་འབད་འཐབ་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ལོ་ཞིག་ཀྱང་ཡིན། མིག་སྔར་རང་ལྗོངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་གཙོར་འཛིན་དང་། བརྟན་ཐོག་ཡར་བརྩོན། ཡར་རྒྱས་བརྟན་གཏོང་བཅས་བྱས་ཏེ། རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་བགྲོད་འཁོར་ལམ་དུ་སླེབས་པར་སྐུལ་འདེད་གཏོང་བཞིན་ཡོད། ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག“འབད་འཐབ”ནི་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་གནང་མང་བའི་ཐ་སྙད་ཅིག་ཡིན་ལ། རང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་དར་བཅས་ཀྱི་ལས་དོན་ཁག་ལ་གསལ་འགྲེལ་བྱེད་པའི་གནད་འགག་ཅིག་ཀྱང་རེད།

    བོད་ལྗོངས་ཇོ་མོ་གླང་མ་ལས་གཏོད་ཞབས་ཞུ་དོ་དམ་ཚད་ཡོད་ཀུང་སིའི(ནས་ཀུན་གཏོད་ལས་གཏོད་སྐྱོང་སྤེལ་རྟེན་གཞི)འགན་འཁུར་བ་ཡིན་པའི་རྣམ་སྒྲོལ་གྱི་ངོས་ནས་བརྗོད་ན། འབད་འཐབ་ཀྱི་འོད་སྣང་ལས་སྒྲོན་མེ་དང་དཔལ་འབར་བཞིན་དུ་ལས་གཏོད་པ་སྔར་བས་མང་བའི་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས་ཡོད།

    རྣམ་སྒྲོལ་གྱིས་གདེང་ཚོད་ཆེན་པོས“གོམ་སྟབས་རྗེས་མར། ངས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ནན་ཏན་བསྒྲུབས་ནས་རང་འགུལ་ངང་ལྗོངས་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་རང་འགུལ་ངང་བསྟུན་པ་དང་། ལྗོངས་ཡོངས་ཀྱི་འཕེལ་རྒྱས་རྣམ་པ་དང་མཉམ་འདྲེས་ཧུར་ཐག་བྱེད་པ། ལྗོངས་ཡོངས་ཀྱི་འཕེལ་རྒྱས་དགོས་མཁོར་རང་རྟོགས་ངང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཀུང་སི་འཕེལ་རྒྱས་དང་རང་ངོས་འཚར་ལོངས་ཧུར་ཐག་ཡོང་བ་བྱེད་པའི་ཁྲོད་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་པ་དང་། རིན་ཐང་ཆེ་རུ་གཏོང་བ། རྒྱུ་ནོར་གོང་འཕེལ་བཅས་ཀྱི་ཐད་རོགས་རམ་བྱེད་ཀྱི་ཡིན”ཞེས་བརྗོད་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་ཡོལ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་བསྟན་དར་གྱིས། ཡོལ་པ་གྲོང་ཚོ་ནི་རི་མཐོ་ལ་གྲོག་རོང་ཁུལ་དུ་གནས་ཤིང་། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། ཏང་གི་དམངས་ཕན་སྲིད་ཇུས་འོག་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། སླད་ཕྱིན་གྱི་ལས་ཀའི་ནང་ཡོལ་པ་གྲོང་ཚོས་ཏང་ཡོན་དང་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་གཞི་རིམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་རྒྱུ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་པ། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་ལས་བྱེད་པའི་འཇོན་ཐང་བྱང་ཚད་དང་ལས་ཀའི་ཧུར་སེམས་དང་རང་འགུལ་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཁྱོན་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏིང་ཟབ་གཏོང་བ། བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱེད་པ། གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱི་ཡིན་ཞེས་གསར་འགོད་པར་གསུངས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་སྣ་ཐང་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཉི་མ་བུ་ཁྲིད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བརྒྱུད་རིམ་ཁྲོད་རྟག་ཏུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པར་གནང་གི་ཡོད།

    ཉི་མ་བུ་ཁྲིད་ནི་ཤར་པ་བ་ཡིན་ལ་ཁོང་གིས་བོད་རིགས་བཟའ་ཟླ་དང་མཉམ་དུ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྐྱོང་བཞིན་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་ཁོང་གིས་གསལ་པོར་མཁྱེན་གྱི་ཡོད་པས། ལས་རོགས་ལ་མཐུན་སྒྲིལ་བྱ་རྒྱུར་སྣང་ཆེན་དང་མི་རིགས་ཁག་གི་ཡུལ་སྐོར་བའི་དཀའ་ངལ་སེམས་རྩ་འཁོལ་པོས་སེལ་བ། ཁོམ་པ་ཡོད་དུས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གཉེན་སྒྲིག་བཅའ་ཁྲིམས་སོགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་གནང་སྟེ་ཁྱིམ་ཚང་གི་རྩོད་གཞི་དུས་ཐོག་ཏུ་གྲལ་བཤེར་དང་འདུམ་འགྲིག་གནང་གི་ཡོད། ཁོང་གི་བབ་ཆགས་ལ་སེམས་པ་བཟང་བ་དང་མི་གཞན་ལ་ལྷག་བསམ་ཟོལ་མེད་ངང་ལྟ་སྟངས་འཛིན་པའི་སྤྱོད་ཚུལ་ལས་གྲོང་མི་དང་ལྷག་པར་དུ་བུད་མེད་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་ནང་ཧུར་ཐག་ཞུགས་པར་དུས་དང་རྣམ་པ་ཀུན་ཏུ་ཤུགས་རྐྱེན་ཐེབས་བཞིན་ཡོད།

    “ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་དམིགས་ཚད་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པ་དང་། འབད་འབུངས་ཡར་བརྩོན་དང་ཞུམ་མེད་འབད་འཐབ་བྱས་ཚེ་འགག་སྒྲོལ་མི་ཐུབ་པའི་དཀའ་གནད་དང་བསྒྲུབ་མི་ཐུབ་པའི་དམིགས་ཚད་ལས་འགན་མེད”ཅེས་ཉི་མ་བུ་ཁྲིད་ཀྱིས་བློ་རྩ་བརྟན་པོས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།