དབུ་ཤོག>ཆེད་སྒྲིག
  • གོམ་པ་རེ་ལ་རྗེས་རེ་ཡོད་པ་བྱས་ནས་མཛེས་སྡུག་ལྡན་པའི་རེ་འདོད་གསོན་ཉམས་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    “ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་དང་ཡང་ཡང་བསྡུར་བ་དང་རེ་རེ་བཞིན་བསྒྲུབས་ནས་མི་སེར་གྱིས་དོ་ཁུར་བྱེད་པའི་བྱ་བ་ཁག་ཡག་པོ་སྒྲུབ་པ་དང་གོམ་པ་རེ་ལ་རྗེས་རེ་ཡོད་པ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་བསྟར་བ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས”ཞེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་རྫོང་དཔོན་གཞོན་པ་ལུའོ་མེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གསུངས་པ་རེད།

    ལུའོ་མེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པ་ནས་བཟུང་། སྤུ་ཧྲེང་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཡོད། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། སློབ་སྦྱོང་གཏིང་ཟབ། བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བཅས་བྱས་པ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་ལ་ཡང་དག་པའི་སྒོ་ནས་གོ་བ་ལོན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱུང་ནས་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་ཀྱི་ཡོད། དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་གཅིག་སྡུད་སྒྲོག་འགྲེལ་དང་། སྐོར་སྐྱོད་སྒྲོག་འགྲེལ། སྐད་འཕྲིན་བརྒྱུད་སྐུར་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤུ་ཧྲེང་རྫོང་དུ་ཀུན་གྱིས་ཤེས་པར་བྱས་ནས་རྫོང་ཡོངས་སུ་སློབ་སྦྱོང་གི་ཚ་རླབས་ཤིག་རྒྱུན་མཐུད་འཕྱུར་བར་བྱས་ཡོད། དེ་དང་ཆབས་ཅིག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་མིག་སྔའི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤུ་ཧྲེང་རྫོང་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པའི་འགན་ལེན་ཏན་ཏིག་བྱས་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་མཐའ་འཁྱོངས་གཏོང་དགོས་ཞེས་བཏོན་ཡོད། ལུའོ་མེ་ཡིས་འདས་ཟིན་པའི་ལོ་གཅིག་རིང་སྤུ་ཧྲེང་རྫོང་གིས་མ་དངུལ་སྒོར་ཁྲི་18180.03སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་16ལག་ལེན་བསྟར་བར་སྐུལ་མ་བཏང་བས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། གོམ་སྟབས་རྗེས་མར་སྤུ་ཧྲེང་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་རང་ངོས་ཀྱི་དོན་དངོས་དང་དེ་བཞིན་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འཆར་འགོད་ནན་ཏན་བྱས་ནས་ལས་དོན་ཁག་གི་འཕེལ་རྒྱས་བརྟན་པོར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།