དབུ་ཤོག>ཆེད་སྒྲིག
  • ཚོགས་འདུ་གཉིས་རིང་སྤྱོད་གཙང་གི་རྣམ་པ་ཟབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

     རང་ལྗོངས་སུ་ཚོགས་འདུ་གཉིས་འཚོག་པའི་སྐབས་དང་བསྟུན་ནས་ཚོགས་འདུའི་སྲོལ་གསར་ལ་སླར་ཡང་དོ་ཁུར་བྱེད་ཀྱི་ཡོད། ཉེ་ཆར་གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚོགས་ཆེན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་སྤྱོད་ཚུལ་ལེགས་གཏོང་དོན་ཐོག་ཏུ་འཁྱོལ་བར་བྱས་པས་སྤྱོད་གཙང་གི་ཚོགས་སྲོལ་གསར་པ་མངོན་བཞིན་ཡོད།

    འཐུས་མིའི་བཞུགས་གནས་སུ་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅང་གཡན་གྱིས《སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་དྲན་སྐུལ་བྱང་བུ》ནན་ཏན་ངང་བཀླགས་རྗེས་ཁས་ལེན་ཡི་གེར་མཚན་འགོད་བཞིན་པ་གསར་འགོད་པས་མཐོང་བྱུང་། གསར་དུ་བདམས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཁོང་གིས“འབྱོར་ཐོ་འགོད་སྐབས་ང་ཚོ་སྡོད་སར་སྐབས་བརྗེའི་སྒྲིག་ཁྲིམས་སྐོར་གྱི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་མཐོང་བྱུང་།འབྱོར་ཐོ་བཀོད་རྗེས་ཚོགས་འདུའི་ལས་དོན་ཚོགས་ཆུང་གིས་ཀྱང་འཕྲིན་ཐུང་དང་སྐད་འཕྲིན་ཚོགས་པ་བརྒྱུད་ང་ཚོར‘གཏན་འགོག་བཅུ’དང‘བྱེད་མི་ཆོག་པ་བདུན’གྱི་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་དྲིལ་བསྒྲགས་བརྡ་ཐོ་བསྐུར་བྱུང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ཚོགས་འདུའི་རིང་ངས་ཀྱང་ཚོགས་འདུའི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། རྩ་འཛུགས་ཀྱི་བཀོད་སྒྲིག་ལ་དང་ལེན་བྱེད་པ། སྤྱོད་གཙང་གཞུང་དྲང་དར་སྤེལ་གཏོང་བ། ཚུལ་མིན་སྤྱོད་ཚུལ་བཀག་འགོག་བཅས་བྱས་ནས། ད་ཐེངས་ཀྱི་སྐབས་བརྗེའི་ཚོགས་ཆེན་སྤྱོད་གཙང་གཞུང་དྲང་དང་བདེ་བླག་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན་ཞེས་གསར་འགོད་པར་གསུངས་བྱུང་།

    “ད་ཐེངས་ང་ཚོས་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད” ཚོགས་ཆེན་གྱི་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལ་ལྟ་སྐུལ་བྱེད་མཁན་ལས་དོན་མི་སྣས་གསུངས་དོན། འདི་ལོ་ཚོགས་རར་འཛུལ་ས་དང་འཐུས་མིའི་བཞུགས་གནས་སུ་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་གྱི་ཉེན་ཟོན་བྱང་བུ་བཙུགས་པ་དང་། སྤྱོད་ཚུལ་ལྟ་སྐུལ་པ་ཚོགས་འདུའི་འགོ་ནས་མཇུག་བར་བཀོད་སྒྲིག་བྱས་ཏེ། ཚོགས་པ་དང་མཉམ་དུ་ཚོགས་འདུར་ཞུགས་པ་དང་། མཉམ་ཟ་མཉམ་སྡོད། མཉམ་དུ་རླངས་འཁོར་ནང་སྡོད་པ་བཅས་བྱེད་ཀྱི་ཡོད། ལྟ་སྐུལ་ཚོགས་ཆུང་གིས་ཚོགས་ར་དང་། འཐུས་མིའི་བཞུགས་གནས། དེ་བཞིན་ཉེ་འཁོར་དུ་མངོན་བཤེར་ལྐོག་ཞིབ་བཅས་བྱས་ནས་འཐུས་མི་ཚོགས་འདུར་ཞུགས་པ་དང་། བཟའ་བཏུང་། ངལ་གསོ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལས་འགལ་བའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་ཀྱི་ཡོད། དེས་མ་ཚད་འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རིང་ད་དུང་ལྟ་སྐུལ་ཐེར་འདོན་ལས་སྟེགས་ཡག་པོ་སྤྱོད་རྒྱུ་རེད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི“12388”དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི“12380”ཐེར་འདོན་ཁ་པར་དང་། དྲ་ཚིགས། ཡིག་འབུལ་ཞུ་བཅར། འཕྲིན་ཐུང་བཅས“ཕྱོགས་བཞི་གཞི་གཅིག”གི་ལས་སྟེགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། ཆེད་མི་བཀོད་སྒྲིག་བྱས་ནས་ཉིན་མཚན་དབྱེར་མེད་དུ་ལས་རེས་བྱས་ཏེ་སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཐེར་འདོན་བྱས་རིགས་དུས་ཐོག་ཏུ་བདག་སྤྲོད་དང་ཞིབ་བཤེར་ཐག་གཅོད་བྱེད་ཀྱི་ཡོད། མྱུར་བཤེར་མྱུར་གཅོད་ཀྱི་ལམ་སྲོལ་བཙུགས་ནས། སྐབས་བརྗེའི་འདེམས་བསྐོའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་མྱུར་བཤེར་མྱུར་གཅོད་ཀྱི་ལམ་སྲོལ་བཙུགས་ནས་སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཐེར་འདོན་བྱས་རིགས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་བགོས་འགན་འཁུར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་འགན་འཁུར་བ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་སྟོབས་ཤུགས་སྐོང་འཐེན་གྱིས་མྱུར་བཤེར་ཚོགས་ཆུང་བཙུགས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་མྱུར་བཤེར་མྱུར་གཅོད་བྱེད་ཀྱི་ཡོད་པ་རེད། གླེང་ཕྱོགས་ཀྱི་གནས་ཚུལ་ལ་ལྟ་འདོམས་དང་འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། སྐབས་བརྗེའི་གླེང་ཕྱོགས་ཀྱི་གནས་ཚུལ་ལ་རྟག་ཏུ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་གླེང་ཕྱོགས་ཀྱིས་གོང་ཞུ་བྱས་པའི་སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ལ་ཁ་གཏད་གཅོག་ཐབས་ནུས་ལྡན་སྤྱད་དེ། གནད་དོན་དོན་དངོས་ཡིན་རིགས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ཐག་གཅོད་བྱས་འབྲས་ཡོངས་བསྒྲགས་བྱ་རྒྱུ་དང་གནད་དོན་དོན་དངོས་དང་མི་མཐུན་པའི་རིགས་མགྱོགས་མྱུར་ཁ་གསལ་བཟོ་རྒྱུ་དང་། མ་རུང་ཁོག་བཅངས་ཀྱིས་དཀྲོག་གཏམ་བཟོ་བ་དང་སྐབས་བརྗེའི་འདེམས་བསྐོར་འགོག་རྐྱེན་བཟོ་རིགས་ལ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་བཅས་རེད། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་གྱི“བྱེད་མི་ཆོག་པ་བདུན”གྱི་བླང་བྱར་ནན་པོར་གཞིགས་པ་སྟེ། གསོལ་སྟོན་དང་འཛད་སྤྱོད་མཐོ་བའི་རོལ་རྩེད་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་དང་དེའི་ནང་ཞུགས་མི་ཆོག་པ་དང་། ཚོགས་འདུས་བཀོད་སྒྲིག་བྱས་པའི་ས་ཆ་ཕུད་རང་དགར་ཁ་ལག་ཟ་བ་དང་ཞག་སྡོད་བྱེད་མི་ཆོག་པ། ཕན་ཚུན་དྲན་རྟེན་དངོས་རྫས་དང་། ཡུལ་ཟོག དངུལ་ཚབ་འཛིན་ཤོག ཉོ་སྒྲུབ་གཱ་སོགས་སྤྲོད་མི་ཆོག་པ། ཕྱི་འབྱོར་སྔ་ལོག་དང་ཆོག་མཆན་མ་ཐོབ་པར་རང་དགར་ཚོགས་འདུར་མ་ཞུགས་པའམ་ཡང་ན་མི་གཞན་ཚབ་ཏུ་གཏོང་མི་ཆོག་པ། འཐུས་མི(ཨུ་ཡོན)ཡིས་འདེམས་བསྐོའི་དབང་ཆ་དང་། གདམ་བྱའི་དབང་ཆ། བརྡས་ཐག་གཅོད་དབང་བཅས་རང་མོས་ངང་སྤྱོད་རྒྱུར་འགོག་རྐྱེན་བཟོ་མི་ཆོག་པ། ཚོགས་འདུའི་ཕྱི་རོལ་གྱི་མི་སྣ་ཚོགས་ར་དང་འཐུས་མིའི(ཨུ་ཡོན)བཞུགས་གནས་སུ་སྒྲིག་འཛུགས་མིན་པའི་བྱེད་སྒོར་ཞུགས་མི་ཆོག་པ་དང་ཞུགས་རྒྱུའི་སྒྲིག་འཛུགས་དང་ངན་སྐུལ་བྱེད་མི་ཆོག་པ། སྒྲིག་འགལ་ངང་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྣ་ཚོགས་སྤྲོད་པའམ་ཡང་ན་དཀྲོག་གཏམ་སྤེལ་བ་སོགས་བྱས་ནས་སྐབས་བརྗེར་འགོག་རྐྱེན་བཟོ་མི་ཆོག་པ་བཅས་རེད།

    དེ་དང་ཆབས་ཅིག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། ཚོགས་ཆེན་རིང་ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད་ལ“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པ”ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱིའི་ཇུས་གཞིའི་བླང་བྱ་ལྟར་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཚོགས་ཆེན་གྱིས་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་གྱི་གནད་དོན་ལ་རྒྱུན་མཐུད་དོ་སྣང་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གལ་ཆེན་གྱི་གནས་ཚུལ་ལ་རྒྱུན་རྣམ་ཅན་གྱི་རྗེས་འདེད་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལ་དམ་འཛིན་བརྒྱུད། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་གནས་ཀྱིས་ཁྱོན་ཁྲིད་དེ་ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།