ནུས་སེམས་གཅིག་སྒྲིལ་རྒྱང་ལམ་གསར་པར་སྐྱོད། ངར་སེམས་ཆེར་སྐྱེད་རྣམ་པ་གསར་པ་གཏོད།
ཚོགས་ཆེན་གྱི་ཚོགས་ར་ཡིན་པ།
ཨུ་ཡོན་ཚོས་ནན་ཏན་ངང་ལས་དོན་སྙན་སྒྲོན་གསན་བཞིན་པ།
ཨུ་ཡོན་ཚོས་ལྷན་དུ་རྒྱལ་གླུ་ལེན་བཞིན་པ།
ཨུ་ཡོན་ཚོས་ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་བཞེས་བཞིན་པ།
ཨུ་ཡོན་ཚོ་ཚོགས་རར་འཛུལ་བཞིན་པ།
སྲིད་གྲོས་ཨུ་ཡོན་གྱིས་ཚོགས་འདུ་མ་འཚོགས་གོང་སྨྱན་སྦྱོར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།
ཚོགས་འདུ་གཟབ་རྒྱས་དུས་བཅད་ལྟར་དུ་འཚོག ཨུ་ཡོན་རྣམ་པ་དགའ་བས་ལྷན་དུ་འཛོམས། ཟླ་1ཚེས་12ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྲིད་གྲོས་ཨུ་ཡོན་རྣམས་ལྷན་དུ་འཛོམས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་སྙིང་སྟོབས་རབ་ཏུ་འཕེལ་བའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་དང་རང་འགན་གཙང་སྒྲུབ་ནན་ཏན་གནང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།