ཉེ་ཆར་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་དཔའ་དར་གྱིས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད། ཁོང་གིས། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་བསམ་བློ་གཅིག་གྱུར་དང་ཐུན་མོང་ངོས་འཛིན་གཅིག་སྡུད་ཀྱི་ཚོགས་འདུ་གལ་ཆེན་ཞིག་རེད་ལ། ལས་འགན་ཁ་གསལ་དང་ངར་ཤུགས་འཕེལ་བར་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཀྱང་རེད། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《བསམ་འཆར》གྱི་རྒྱ་ཆེ་བའི་བསམ་བློ་དང་། གཏིང་ཟབ་པའི་ངོས་འཛིན། སྔ་བལྟས་ཕྱི་བསམ་གྱི་ཇུས་འགོད། གསར་གཏོད་ཀྱི་བསམ་ཕྱོགས། བྱེད་ཐབས་ནུས་ལྡན་གྱི་དོན་འཁྱོལ། བཀྲག་མདངས་འཚེར་བའི་གྲུབ་འབྲས་བཅས་ལས་ང་ཚོར་དེ་བས་ཡིད་ཆེས་ཀྱིས་ཁེངས་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ལས་ང་ཚོར་དེ་བས་སྒུལ་ཤུགས་ལྡན་པ། བརྗོད་དོན་གཙོ་བོ་དང་གཙོ་རྐང་ལས་ང་ཚོར་དེ་བས་ཁ་ཕྱོགས་བསྟན་པ། འཐབ་ཇུས་བཀོད་སྒྲིག་ལས་ང་ཚོར་དེ་བས་དམིགས་ཚད་ལྡན་པར་བྱས་ཡོད་ཅེས་གསུངས་པ་རེད།
དཔའ་དར་གྱིས། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལྟར། ནུས་ཤུགས་ཡོད་རྒུས་ཞན་ཆ་སེལ་བ་དང་། རྨང་གཞི་བརྟན་དུ་གཏོང་བ། ལེགས་ཆ་དར་སྤེལ་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན། དེའང་གཅིག་ནས་བསམ་ཕྱོགས་གསལ་སྟོན་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི“གོམ་སྟབས་གཉིས་སུ་ཕྱེ་ནས་སྐྱོད་པའི”འཐབ་ཇུས་ཀྱི་བཀོད་སྒྲིག་ལྟར། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་སྤྱིའི་བླང་བྱ་དང་ཞིབ་བསྡུར་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་ངང་སྤྱི་འདོམས་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་དཀའ་སྤྱད་ལས་སྒྲུབ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲི་གསར་པ་ཧུར་ཐག་སྐྲུན་གྱི་ཡིན། 2025ལོར་སླེབས་སྐབས། ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་སྤྱིར་ན་བསྐྲུན་ཟིན་ནས། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་རྒྱ་ཆེ་གཏིང་ཟབ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཆགས་པར་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་གྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་འགྲོ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་སྟངས་གཏོད་པ། ཉིང་ཁྲིའི་དོན་དངོས་དང་མཐུན་པའི་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་ལམ་བུར་སྐྱོད་པ། ལྗོངས་ཡོངས་ཀྱི་མཐའ་སྟོབས་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི་དཔེ་མཚོན་གསར་པ་གཏོད་པ་བཅས་བྱས་ནས། ཕྱི་ཕྱོགས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་གཟུགས་བརྙན་སྟོན་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་བ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་འབྱོར་ཕྱུག་ཡོང་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་གཞི་རྩའི་ཆ་ནས་ཆགས་ནས། ཉིང་ཁྲི་དེ་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡི་དཔེ་བཟང་ཁུལ་ཞིག་ཏུ་ཧུར་ཐག་གཏོད་ཀྱི་ཡིན། གཉིས་ནས་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། བླང་བྱ་གསར་པ་བཅས་ལས་དོན་ཁག་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། གོ་སྐབས་དམ་འཛིན་དང་། བབ་བསྟུན་འཕྲལ་སྒྲུབ། སྙིང་སྟོབས་ཆེར་སྐྱེད། ཞུམ་མེད་མདུན་སྐྱོད་བཅས་བྱེད་པ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། མ་འཇོག་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན། ལེགས་ཆར་གཞི་ཚུགས་ནས་ཐོན་ལས་ལ་དམ་འཛིན་བྱས་ཏེ། ལེགས་གསོ་སྟོབས་སྐྱོང་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བྱ་སྤྱོད་མྱུར་སྤེལ་དང་ཕན་འབྲས་མྱུར་ཐོན་གྱིས་བྱ་བ་དངོས་བསྒྲུབས་ནས། རྒྱུན་སྲིང་ལྷོད་མེད་ངང་ལག་ལེན་བསྟར་ཏེ་དམངས་འཚོར་ཕན་པ་འདོགས་དགོས། སྒྱུར་བཅོས་ཟབ་གཏོང་གིས་སྒོ་དབྱེར་སྐུལ་འདེད་བཏང་སྟེ། གསར་གཏོད་ལ་བརྟེན་ནས་སྒུལ་ནུས་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཀྱི་ལེགས་ཆ་ཟབ་གཏོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས། རྒྱུན་སྲིང་ལྷོད་མེད་ངང་མཐའ་སྲུང་སྲ་བརྟན་དུ་བཏང་ནས། མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ་སྐྲུན་དགོས། གྲ་སྒྲིག་ཨང་གསར་གྱིས་བདེ་འཇགས་ལ་དམ་འཛིན་དང་བྱེད་ཐབས་སྣ་མང་སྤྱད་ནས་ཞི་མཐུན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཀྱི་ཡིན། གསུམ་ནས་འགན་ལེན་ལ་དམ་འཛིན་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་ལྟར། ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་དང་། སྲིད་གཞུང་ནི“ཅི་ཞིག་ཡིན་པ། ཅི་ཞིག་སྒྲུབ་པ། ཇི་ལྟར་སྒྲུབ་པ”བཅས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་འཆང་བ། འགན་འཁུར་བྱས་རྗེས་འཇོག་པ་དང་དམ་པ་དོན་གཉེར་བྱེད་པ། དོན་འཁྱོལ་བྱེད་ཤུགས་དང་ལག་ལེན་བསྟར་ནུས་སྔར་བས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲི་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།